ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ལོ་ངོ19ཡི་རིང་ལ་ཞན་འགྱུར་རྩྭ་ས་མུའུ་ཁྲི900ལྷག་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་གསུངས་པ་ལྟར་ན།  དུས་རབས21པའི་དུས་འགོ་ནས་ད་ལྟའི་བར་དུ། ཀྲུང་གོའི་གཞུང་ཕྱོགས་ཀྱིས་མ་དངུལ་གཏོང་བར་ཤུགས་བསྣན་ནས་ཕྱུགས་བསྐྱུར་རྩྭ་འདེབས་ལག་བསྟར་བྱས་པ་བརྒྱུད་ཨ་བྲའི་གནོད་པ་སྔོན་འགོག་དང་བྱེ་འགྱུར་སྔོན་འགོག རྩྭ་ཐང་ལ་ཕྱུགས་འགོག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཀན་ལྷོའི་བོད་ཁུལ་གྱི་རང་བྱུང་རྩྭ་ཐང་སྲུང་སྐྱོང་བྱས་ཤིང་། ས་དེ་གའི་ཞན་འགྱུར་རྩྭ་ས་རྒྱ་ཁྱོན2000ལོའི་མུའུ་ཁྲི3260ནས་ད་ལྟའི་མུའུ2313ལ་མར་བབ་པ་དང་། ལོ19ཡི་རིང་ལ་ཞན་འགྱུར་རྩྭ་ཐང་མུའུ་ཁྲི947སླར་གསོ་བྱས།

དེ་དང་ཆབས་ཅིག་ཏུ། ཚན་རྩལ་གྱི་སྲུང་སྐྱོང་བྱ་ཐབས་ཀྱང་ཉིན་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད། དང་ཐོག་གི་མིའི་ཐབས་ཀྱིས་ཨ་བྲ་གསོད་པ་དང་རྐང་ཐང་ལ་སྐོར་ཞིབ་དུ་འགྲོ་བ་ནས་ད་ལྟའི་སྒྲིག་ཆས་ཀྱིས་པར་རིས་གཞི་གྲངས་ཕྱིར་ལྡོག་བྱ་ཐུབ་ལ་མི་མེད་གནམ་གྲུ་ཡིས་ལྟ་ཞིབ་ཚད་ལེན་བྱས་ནས་པར་ལེན་ཐུབ་པ་དང“རྩྭ་ཐང་སྲུང་སྐྱོང་བྱེད་པ་ནམ་ཡང་ལམ་དུ་ཆས་ནས་ཡོད”པ་རེད། མིག་སྔར་ཕན་ནུས་ལྡན་པའི་སྒོ་ནས་ལེགས་བསྒྱུར་ཐོབ་ཡོད་ནའང་ས་ཆ་ཁ་ཤས་སུ་ཞན་འགྱུར་སྔར་བཞིན་ཚབས་ཆེན་ཡིན་པས་རྩྭ་ཐང་སྲུང་སྐྱོང་གི་ལས་འགན་སྔར་བཞིན་ཛ་དྲག་ལྡན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།