ཀྲུང་གོ་བོད་ཀྱི་དྲ་བ།

མ་ཐིང་ལི་ཡིས་ཀན་ལྷོ་རུ་རྟོག་ཞིབ་བྱེད་སྐབས་སུ་འཕེལ་རྒྱས་ཀྱི་སྤུས་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐིང་ལི་ཡིས་ཀན་ལྷོ་རུ་རྟོག་ཞིབ་བྱེད་སྐབས་སུ། བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཐད་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་དང་མྱུར་མཁོའི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་འབྲས་བུས་འཕེལ་རྒྱས་ཀྱི་སྤུས་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་ནས། ཁྲིམས་ལྟར་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡའོ་ཡུས་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་ཞིབ་གཞོན་པ་ལི་ཝན་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་སོགས་ཀྱིས་སྔ་གཞུག་ཏུ་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

མ་ཐིང་ལི་བསང་ཆུ་རྫོང་བླ་བྲང་སློབ་ཆུང་དང་བླ་བྲང་དགོན་པ། རྒན་གྱའི་བྲག་དཀར་དགོན་པ་དང་མཁར་ནང་སྡེ་བ། ཀན་སུའུ་བོད་རིག་པ་ཞིབ་འཇུག་སུའོ་དང་ཀན་སུའུ་ཧྭ་ལིན་ཚོགས་པ་སོགས་སུ་སོང་ནས་ལས་བྱེད་པ་དང་མང་ཚོགས། སློབ་གྲྭའི་དགེ་སློབ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སོགས་དང་གླེང་མོལ་བྱས་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་དང་། སློབ་མཚམས་འཇོག་པ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་ཁག་ཐེག  དགོན་པའི་དོ་དམ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས།

མ་ཐིང་ལི་ཡིས་རྒྱལ་ཁ་ལེན་པའི་སྙིང་སྟོབས་ཀྱིས་རྒྱུན་ལྡན་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། ཐོན་ལས་རོགས་སྐྱོར་དང་དབུལ་ཕོངས་ཁྱིམ་ཚང་ལ་ཕན་ཐོགས་གཉིས་ཟུང་འབྲེལ་བྱས་ཏེ། དུས་ལྟར་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལེགས་གྲུབ་འབྱུང་བ་ཁག་ཐེག་བྱ་དགོས། བོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་བྱས་ཏེ། རིགས་སྒྱུར་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་དཀའ་ཁག་ཅན་ལ་རོགས་རམ་བྱེད་པ། དམིགས་བསལ་སྲིད་ཇུས་དོན་འཁྱོལ་བྱེད་པ་སོགས་ཀྱི་ཕྱོགས་ལ་ཤུགས་བསྣན་ཏེ། མཛེས་ཤིང་བདེ་སྐྱིད་ལྡན་པའི་ཀན་སུའུ་འཛུགས་པར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།