ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་མུ་མཐུད་དུ་ནག་སེལ་གཤེད་བཅོམ་ལ་ཤུགས་བསྣན་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་སྟེ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ནག་སེལ་གཤེད་བཅོམ་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་རུལ་སུངས་དང་ནག་ཚོགས་སྟོབས་ཤུགས་ཐེར་འདོན་བྱས་ཤིང་། ནུས་ཤུགས་ཡོད་རྒུས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཆེད་དོན་འཐབ་རྩོད་ཇེ་མགྱོགས་སུ་བཏང་བ། མཉམ་འགུལ་མཉམ་སྒྲུབ་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་དང་ནག་སེལ་གཤེད་བཅོམ་གྱི་ཁོངས་མིའི་ལས་ཁུངས་བར་གྱི་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཡོངས་སུ་གོང་འོག་མཉམ་འབྲེལ་དང་མཉམ་འགུལ་བྱེད་པའི་རྣམ་པ་ཞིག་ཆགས། གྱོད་གཞི་འགན་ལེན་བྱེད་པའི་བྱ་བའི་ལམ་སྲོལ་བཙུགས་ཏེ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྒྲུབ་འགན་འཁུར་བའི་ཤང་དང་གྲོང་རྡལ་དང་། ལས་ཁུངས་བཅས་སུ་སོང་ནས་ཆེད་དོན་འཐབ་རྩོད་ཀྱི་གཞི་རིམ་བརྟག་ཞིབ་བྱས་ནས་སྔར་ལས་ལྷག་པར་དུ་གནད་དོན་གྱི་ཁུངས་སྣེ་རྩད་གཅོད་བྱེད་པར་ཤུགས་བསྣན། ཟླ1པ་ནས་ཟླ4བའི་བར་དུ། གྲོང་གསེབ་ཏུ་ཕྱིན་ནས་རྟོག་ཞིབ་བྱས་པ་དང་། སྡེ་བ་དང་ཁྱིམ་ཚང་དུ་ཐེངས60ལྷག་སོང་སྟེ་གནད་དོན་གྱི་ཁུངས་སྣེ 2རྩད་གཅོད་བྱས།

དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་བསྣན་པ། ཅོ་ནེ་རྫོང་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ“རྩད་གཅོད་ཆེན་པོ་དང་ཞིབ་བཤེར་ཆེན་པོའི”བྱ་འགུལ་སྤེལ་བའི་བྱ་བའི་ཇུས་གཞིའི་བརྡ་ཐོཔར་འགྲེམ་བྱས་ཏེ། ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་ཞིབ་བཤེར་ཆེན་པོའི་བྱ་འགུལ་སྤེལ་འགོ་བརྩམས་ཤིང་། བྱ་བ་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། ནག་སེལ་གཤེད་བཅོམ་མི་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་སོགས་གཙོ་གནད་དུ་རྩད་གཅོད་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཁྲོད་དུ་རྒྱུས་ལོན་བྱུང་བའི་གནད་དོན་ཚང་མ་བརྡ་ཁྱབ་བཏང་ཞིང་། སྔར་ལས་ལྷག་པར་དུ་བྱ་བ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། མིག་སྔར་ཐུག་བར་དུ། རྫོང་སྒྲིག་ཁྲིམས་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཤང་དང་གྲོང་རྡལ15ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། དག་ཐེར་ཡོ་བསྲང་གི་ཞིབ་ཐོ 3འགྲེམ་སྤེལ་བྱས་ཤིང་། ད་ལྟ་ཚང་མ་དག་ཐེར་དང་ལེགས་བཅོས་བྱས་པ་ལེགས་གྲུབ་བྱུང་ཡོད།

གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་བསྣན་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཞིང་། གཞུང་ལས་སྒྲུབ་ས་དང་། སྡེ་ཁུལ། ཐང་ཆེན། སྲིད་འཛིན་སྡེ་བ་སོགས་སུ་ཐེར་འདོན་ཡིག་སྒམ་བཞག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྔར་ལས་ལྷག་པར་དུ་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ཁ་དབུགས་ལ་ཤུགས་བསྣན། མིག་སྔར་ཐུག་བར་དུ། རྫོང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྡེ་བ་དང་གྲོང་རྡལ། རྫོང་ཁུལ་བཅས་སུ་ཐེར་འདོན་ཡིག་སྒམ120ལྷག་བཞག་པ་དང་། ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་བྱ་འགུལ་ཐེངས20ལྷག་སྤེལ་ཞིང་། སྲིད་ཇུས་དྲིལ་བསྒྲགས་ཐེངས32བྱས་པ། ཡུལ་དངོས་ནས་ངོ་གཏུག་ཏུ་ཡོང་མཁན་མི་ཐེངས320ལྷག་སྣེ་ལེན་བྱས་ཤིང་། དྲིལ་བསྒྲགས་དཔྱད་ཡིག་ཚར14200ལྷག་བཀྲམ།

མིག་སྔའི་བར་དུ། བསྡོམས་པས་ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པ་ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་རུལ་སུངས་གནད་དོན་གྱི་ཁུངས་སྣེ9བདག་སྤྲོད་དང་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་གནད་དོན8ཀྱི་ཁུངས་སྣེ་དོན་དངོས་དང་མི་མཐུན་པ་དང་། གནད་དོན1གི་གྱོད་གཞི་ཐག་གཅོད་བྱས་པ་དང་། མི1ཏང་ནང་ནས་ཕྱིར་ཕུད་པ་མ་ཟད་ལས་མཚམས་འཇོག་ཏུ་བཅུག་པ་དང་། མི2ལ་ལས་མཚམས་འཇོག་ཏུ་བཅུག་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།