ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་འབུར་དུ་ཐོན་པའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་ཁུར་མི་སྣས་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག་དང་། སྐྱེ་ཁམས་ཁའོ་ཡི་འགན་ཁུར་མི་སྣའི་སྣེ་ཁྲིད་དེ་མཚོ་ཉིན-རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སོང་ནས། མཚོ་ཉིན་མཐའ་འཁོར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བཟོ་བཀོད་བཅོས་སྒྲིག་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། 

ཞིབ་བཤེར་ཚན་ཆུང་གིས་བཅོས་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། རྫོང་སྲིད་གཞུང་ནས་སྙན་ཞུ་སྐུལ་སྒྲུབ་ཚོགས་འདུ་བསྡུས་ཏེ། རྫོང་སྲིད་གཞུང་གི་མཚོ་ཉིན་མཐའ་འཁོར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བཟོ་བཀོད་བཅོས་སྒྲིག་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་ཉན།

ཞིབ་བཤེར་ཚན་ཆུང་གིས་བླང་བྱ་བཏོན་རྒྱུར། ཀླུ་ཆུ་རྫོང་ཏང་ཨུ་དང་སྲིད་གཞུང་། མཚོ་ཉིན-རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཚོ་ཉིན་མཐའ་འཁོར་གྱི་ཆོག་མཆན་མ་ཐོབ་སྔོན་དུ་འཛུགས་སྐྲུན་བྱས་པའི་སྒྲིག་བཀོད་བཅོས་སྒྲིག་བྱ་རྒྱུ་ནི་མིག་སྔའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གནད་དོན་ཡོད་ཚད་དུས་ལྟར་དག་ཐེར་ལེགས་གྲུབ་ཡོང་བ་ཁག་ཐེག་བྱ་དགོས་པ། ཀླུ་ཆུ་རྫོང་གི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་། མཚོ་ཉིན-རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་ཁྲིམས་བསྟར་བྱེད་ཤུགས་ལ་ཤུགས་བསྣན་ཏེ། ཆོག་མཆན་མ་ཐོབ་སྔོན་དུ་འཛུགས་སྐྲུན་བྱས་པའི་སྦགས་བཙོག་ཁེ་ལས་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་དང་། འགན་འཁྲི་རྩད་གཅོད་ལ་ཤུགས་བསྣན་ཏེ། དག་ཐེར་ཁྲོད་ཀྱི་ཐབས་ཇུས་ལ་ནོར་འཛོལ་ཚབས་ཆེན་བྱུང་བའམ་བྱ་བ་མི་སྒྲུབ་པ། སྒྲུབ་པ་དལ་བ། དག་ཐེར་གནད་ལ་མི་ཁེལ་བ་སོགས་ཀྱི་ཁག་འགན་ཐད་ཀར་འཁུར་མཁན་དང་འབྲེལ་ཡོད་འགན་ཁུར་བའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།