ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ལག་རྩལ་བསླབས་ཏེ་བོད་རིགས་ས་ཁུལ་གྱི་བུད་མེད་དབུལ་པོར་རོགས་རམ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་དང་ལག་ལེན་བསྟར་བ་དང་། ཁེ་ལས་ཀྱིས་མ་དངུལ་བཏང་སྟེ་ལན་ཀྲོའུ་ཤིན་ལུང་དེང་རབས་ལས་རིགས་གསོ་སྦྱོང་སློབ་གྲྭར་ཀན་ལྷོའི་ཚགས་ཤའི་འཐེན་ཐུག་གི་དབུལ་སྐྱོར་གསོ་སྦྱོང་འཛིན་གྲྭ་གཉེར་བར། ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་གི་བུད་མེད་དབུལ་པོ40ཞུགས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་ས་གནས་དང་ཁེ་ལས་མཉམ་ལས་བྱས་པའི་འབྲས་བུ་ཡིན་པ་དང་། དུས་ཡུན་ཉིན25ཡི་སློབ་སྦྱོང་རིང་ལག་ལེན་དངོས་དང་རིགས་པའི་གཞུང་ལུགས་ཟུང་འབྲེལ་དང་སློབ་ཁྲིད་དང་བེད་སྤྱོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་དང་གསོ་སྦྱོང་སློབ་གྲྭའི་མཐོ་རིམ་འཐེན་ཐུག་མཁས་ཅན་གྱིས་ལན་ཀྲོའུ་ཡི་འཐེན་ཐུག་བཟོ་སྟངས་ཀྱི་ལག་རྩལ་ཆ་ཚང་དམར་ཁྲིད་བྱས་ཡོད། ཆེད་མིས་འགན་ཁུར་ནས་གསོ་སྦྱོང་སྤུས་ཚད་ཚད་ལོན་པ་དང་གསོ་སྦྱོང་ཕྱི་ཚུལ་ཙམ་དུ་མི་ལུས་པར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཏེ། “མི་གཅིག་གསོ་སྦྱོང་བྱས་རྗེས་ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པའི”དམིགས་ཚད་ཧུར་ཐག་སྒྲུབ་ཐུབ་པ་བྱས་པ་རེད།

ཀན་ལྷོ་དགུ་མདོག་གནས་མཆོག་ཤམ་བྷ་ལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་ཁུར་བས་ཀན་ལྷོ་ཁུལ་གྱི་འཕེལ་རྒྱས་བྱུང་བའི་ཁེ་ལས་ཤིག་གི་ངོས་ནས་གྲངས་ཉུང་མི་རིགས་ལ་གཅེས་སེམས་འབུལ་རྒྱུ་བྱུང་བ་ནི་སྔར་ནས་བཟུང་རང་ཉིད་ཀྱི་བརྩེ་སེམས་མཚོན་ཐབས་ཤིག་ཡིན། གསོ་སྦྱོང་ལ་མ་དངུལ་གྱི་རོགས་རམ་བྱེད་པའི་དམིགས་ཡུལ་ནི་ཐག་རིང་ས་ཁུལ་དབུལ་པོའི་བོད་རིགས་བུད་མེད་ཚོས་ལག་རྩལ་སྣ་གཅིག་ཤེས་ནས་ལན་ཀྲོའུ་ཡི་བྲོ་བ་ངོ་མ་ལྡན་པའི་འཐེན་ཐུག་བཟོ་ཤེས་པ་བྱས་ཏེ་འབད་བརྩོན་ལ་བརྟེན་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུའི་ཡིད་ཆེས་དང་འཇོན་ཐང་འཕེལ་བ་བྱ་རྒྱུ་དེ་ཡིན་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།