ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི“གློག་རྡུལ་ཚོང་དོན་དབུལ་སྐྱོར”ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས“དྲ་ཐོག་ཚོང་དོན་གྱི་ལས་སྟེགས+ཀུང་སི+རྟེན་གཞི+མཉམ་ལས་ཁང་+ཞིང་འབྲོག་དུད་ཚངབཅས་ཟུང་དུ་འབྲེལ་བའི་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཀན་ལྷོ་བོད་རིགས་ས་ཁུལ་གྱི་དྲ་ཐོག་ཚོང་དོན་གྱི་གནད་འཕིགས་དབུལ་སྐྱོར་དང་འཚམ་པའི་ལམ་བུ་གསར་པ་ཞིག་རིམ་བཞིན་འཚོལ་ཞིབ་བྱས་ཡོད།

ཤིན་ཅི་གྲོང་ཚོའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་འགན་འཁུར་བ་ཆི་ཕུང་ལིན་གྱིས“ང་ཚོའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་གཙོ་བོ་ནི་ཞིང་འབྲོག་པའི་ལག་ནས་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་བསྡུ་རུབ་བྱེད་པ་དང་། དྲ་སྦྲེལ་བརྒྱུད་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། དེ་རྗེས་ང་ཚོས‘དྲ་སྦྲེལ+མཉམ་ལས་ཁང’གི་རྣམ་པའི་ཐོག་ནས་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཚད་ལྡན་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བ་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་ཐབས་ལམ་བརྒྱུད་དེ་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་འཚོང་རྩིས་ཡོད་ཟེར།

དེང་སྐབས། ཁུལ་ཡོངས་སུ་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས8དང་། ཤང(གྲོང་རྡལ)རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས89། གྲོང་ཚོ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས224བཅས་བསྐྲུན་ནས་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་པ་དང་། ཤང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ཁྱབ་ཚད89%ཟིན་པ། གྲོང་ཚོ་དབུལ་པོའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ལ་ཁྱབ་ཚད79%ཟིན་པ་བཅས་མངོན་འགྱུར་བྱས་ཡོད།

མིག་སྔའི་ཚུན་དུ། ཁུལ་ཡོངས་ཀྱིས་གློག་རྡུལ་ཚོང་དོན་ལས་སྟེགས་སྤྱད་ནས་ཞིང་ཕྱུགས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི200ལྷག་ཙམ་ཟིན་ནས་ལོའི་འཕར་ཚད300%ལས་བརྒལ་བ་དང་། ཁུལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་ཁེ་ལས་དང་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་ལས་ཞུགས་མི་སྣ2100ལྷག་ཙམ་ཟིན་ནས་མི་འབོར་དབུལ་པོ4000ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར2000ཡན་ཟིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།