ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་ཀན་ལྷོ་ཁུལ་གྱི་ཤང་གྲོང་སྡོད་དམངས་ཀྱི་ཡོང་སྒོ་བརྟན་པོའི་ངང་གོང་དུ་འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀན་ལྷོ་བརྟག་དཔྱད་རུ་ཁག་གི་བརྟག་དཔྱད་གཞི་གྲངས་ལས་གསལ་བར། 2018ལོར་ཀན་ལྷོ་ཁུལ་ཤང་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་གཞི་རྩའི་སྟེང་བརྟན་པོའི་ངང་གོང་དུ་འཕར་བ་རྒྱུན་འཁྱོངས་བྱས་ཡོད། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་སྒོར་རྐྱང་གི་འཛད་སྤྱོད་འགྲོ་སྒོ་ཅུང་མགྱོགས་པའི་ངང་འཕར་བའི་རྣམ་པ་ཆགས་པ་དང་འཛད་སྤྱོད་སྒྲིག་གཞི་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་སྒོར24783.0ཡིན་པ་དང་དུས་མཚུངས་ལས་སྒོར1771.4ཇེ་མང་དུ་སོང་བ་དང7.7% འཕར། ཡོང་སྒོའི་སྒྲིག་གཞི་ནས་བལྟས་ན་ལས་གཞི་ཆེན་པོ་བཞི་ཡི་ཡོང་སྒོ་ཕྱོགས་ཡོངས་ནས་འཕར། དེའི་ཁྲོད་དུ་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར19441.0ཡིན་ལ་དུས་མཚུངས་ལས་སྒོར1569.7ཇེ་མང་དུ་སོང་བ་དང་། 8.8%འཕར། ཚོང་གཉེར་གྱི་ཡོང་སྒོ་རྐྱང་རྐྱང་སྒོར3497.5ཡོད་པ་དང་དུས་མཚུངས་ལས་སྒོར154.5ཇེ་མང་དུ་སོང་བ་དང་། 4.6%འཕར། རྒྱུ་ནོར་གྱི་ཡོང་སྒོ་རྐྱང་རྐྱང་སྒོར738.5ཡོད་པ་དང་དུས་མཚུངས་ལས30.1ཇེ་མང་དུ་སོང་བ་དང4.3%འཕར། སྤོ་སྒྱུར་བྱས་པའི་ཡོང་སྒོ་རྐྱང་རྐྱང་སྒོར1106.0ཡོད་པ་དང་དུས་མཚུངས་ལས་སྒོར17.1ཇེ་མང་དུ་སོང་བ་དང1.6%འཕར།

ཁུལ་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་བཀོལ་ཆོག་པའི་ཡོང་སྒོ་སྒོར7677.0ཡིན་པ་དང་ལོ་གོང་མའི་དུས་མཚུངས་ལས་སྒོར679.2ཇེ་མང་དུ་སོང་བ་དང9.7%འཕར། གྲུབ་ཚུལ་ཐད་ནས་བལྟས་ན་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར3233.9ཡིན་པ་དང་དུས་མཚུངས་ལས་སྒོར336.4ཇེ་མང་དུ་སོང་བ་དང11.6%འཕར། ཚོང་གཉེར་གྱི་ཡོང་སྒོ་རྐྱང་རྐྱང་སྒོར3267.3ཡིན་པ་དང་དུས་མཚུངས་ལས་སྒོར266.9ཇེ་མང་དུ་སོང་བ་དང8.9% འཕར། སྤོ་སྒྱུར་གྱི་ཡོང་སྒོ་རྐྱང་རྐྱང་སྒོར1093.2ཡོད་པ་དང་དུས་མཚུངས་ལས་སྒོར73.4ཇེ་མང་དུ་སོང་བ་དང7.2% འཕར། རྒྱུ་ནོར་གྱི་ཡོང་སྒོ་རྐྱང་རྐྱང་སྒོར82.6ཡིན་པ་དང་དུས་མཚུངས་ལས་སྒོར2.4ཇེ་མང་དུ་སོང་བ་དང3.0%འཕར།

2018ལོར་ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེར་ཆ་སྙོམས་སུ་འཛད་སྤྱོད་འགྲོ་སྒོ་སྒོར17490.6ཡིན་པ་དང་དུས་མཚུངས་ལས1727.6ཇེ་མང་དུ་སོང་བ་དང11.0%འཕར། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་འགྲོ་སྒོ་སྒོར6311.1ཡིན་པ་དང་དུས་མཚུངས་ལས611.7ཇེ་མང་དུ་སོང་ཞིང་ལོ་གོང་མའི་དུས་མཚུངས་ལས10.7%འཕར།

འཚོ་བའི་ཐད་ཀྱི་འཛད་སྤྱོད་ཆེན་མོ་རིགས་བརྒྱད་ཀྱི་གནས་ཚུལ་ལ་གཞིགས་ནས་དབྱེ་ཞིབ་བྱས་ན་གྲོང་རྡལ་སྡོད་དམངས་ཀྱི་འགྲོ་སྒོ་འཕར་ཚད་སྔོན་གྱི་ཨང་གསུམ་པའི་གྲས་སུ་ཡོད་པ་སོ་སོ་སྨན་བཅོས་བདེ་སྲུང་གི་རིགས21%འཕར་བ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས 14.4%འཕར་བ་དང་། སྡོད་གནས་ཀྱི་རིགས13.5%འཕར་བ་རེད། ཞིང་སྡེའི་སྡོད་དམངས་ཀྱི་འཛད་སྤྱོད་ཐད་སྔོན་གྱི་ཨང་གསུམ་པའི་གྲས་སུ་ཚུད་པ་ནི་སོ་སོ་སློབ་གསོ་དང་རིག་གནས་རོལ་རྩེད་རིགས17.1%འཕར་བ་དང་འགྲིམ་འགྲུལ་དང་འཕྲིན་གཏོང་གི་རིགས15%འཕར། སྨན་བཅོས་བདེ་སྲུང་གི་རིགས14.4%འཕར།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།