ཀྲུང་གོ་བོད་ཀྱི་དྲ་བ།

ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་སློབ་ཚོས་གནའ་བོའི་བོད་ལུགས་སྡོད་ཁང་སྲུང་བར་ནུས་ཤུགས་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདས་ཟིན་པའི་ལོ་ལྔའི་རིང་། དབྱར་ཁ་དང་དགུན་ཁའི་གུང་གསེང་འཆར་རིམ་བཞིན་ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་སློབ་ཚོགས་པས་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཚོ་ཚང་མར་བསྐྱོད་པ་དང་། ལོ་ལྔའི་རིང་ཁོང་ཚོས་སྲུང་སྐྱོང་ཅུང་འཐུས་སྒོ་ཚང་བའི་སྲོལ་རྒྱུན་བོད་ལུགས་སྡོད་ཁང་ལ་རྟོག་ཞིབ་ཞིབ་ཚགས་བྱས་ནས་ཚད་ལེན་དང་། རི་མོར་འབྲི་བ། པར་ལེན་པ་སོགས་བརྒྱུད་ཡིག་རིགས་དང་། པར་རིས། བརྙན་ལམ་བཅས་ཀྱི་དཔྱད་གཞི་འབོར་ཆེན་ཉར་ཚགས་བྱས་ཏེ་སྲོལ་རྒྱུན་གྱི་ཁང་པ་སྲུང་སྐྱོང་དང་རྒྱུན་འཛིན་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

2014ལོར་ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་སློབ་ཚོགས་པས་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་ལ་ཚད་ལེན་དང་རི་མོར་འབྲི་བའི་ལས་དོན་ལེགས་སྒྲུབ་བྱས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉམས་བཟོའི་ལས་དོན་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། ཀན་ལྷོར་བརྟག་ཞིབ་བྱེད་རིང་དགེ་སློབ་ཚོས་ཀན་ལྷོའི་ཡུལ་མིའི་སྡོད་ཁང་ལ་དོ་ཁུར་ཆེན་པོ་བྱས་ཏེ་ཨ་མདོའི་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་ཁང་པའི་ཤིང་རྒྱུའི་ལག་རྩལ་གྱི་དཔྱད་གཞིའི་ཚོགས་ཆུང་བཙུགས་ནས་ཀན་ལྷོའི་གནའ་བོའི་ཡུལ་མིའི་སྡོད་ཁང་ལ་བརྟག་ཞིབ་དང་སྲུང་སྐྱོང་བྱེད་པར་དངོས་སུ་གཞོལ་འགོ་ཚུགས་པ་རེད།

ལོ་ལྔའི་རིང་། དཔྱད་གཞི་ཚོགས་ཆུང་གི་ཁོངས་མི་ཚོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཚོ40ལྷག་གི་ཡུལ་མིའི་སྡོད་ཁང100ལྷག་གི་བཟོ་ལྟ་དང་ཁང་པའི་ཁྱད་ཆོས་ལ་བརྟག་ཞིབ་བྱས་པ་དང་། ཡུལ་དེའི་སྲོལ་རྒྱུན་ལག་ཤེས་པ10ལྷག་གི་སར་འཚམས་འདྲིར་བསྐྱོད་ཡོད།

སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་མུ་མཐུད་ཉར་ཚགས་ལེགས་པོ་ཐུབ་དགོས་ན་གནའ་བོའི་ཁང་པ་དགོས་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་ལག་རྩལ་གྱི་རྒྱུན་འཛིན་དང་གསར་བརྗེ་རེད། དཔྱད་གཞི་ཚོགས་ཆུང་གིས་མིག་སྔར་དེང་རབས་ཚན་རིག་གི་ལག་རྩལ་དང་། ཟུང་འབྲེལ་བྱས་ཏེ་མི་རིགས་ཀྱི་རིག་གནས་ནང་དོན་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ཁང་པ་དང་། དེ་བཞིན་དེའི་ལག་རྩལ་ཉར་ཚགས་དང་རྒྱུན་འཛིན་བྱས་ཏེ་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་གི་བླ་སྲོག་གནས་པར་བྱས་ནས་ཕ་ཡུལ་གྱི་རྣམ་པ་དེ་སྔའི་རྣམ་པ་ལྟར་ཡོང་བར་བྱས་ཡོད།

མིག་སྔར་དཔྱད་གཞི་ཚོགས་ཆུང་གིས་དཔེ་དེབ2དཔེ་སྐྲུན་བྱས་པ་དང་། འབྲེལ་ཡོད་དཔྱད་རྩོམ10ལྷག་བཏོན་པ་མ་ཟད། བོད་རིགས་ཀྱི་གནའ་བོའི་ཡུལ་མིའི་སྡོད་ཁང་གི་བརྙན་ལམ་དཔྱད་གཞི་འབོར་ཆེན་རྩོམ་སྒྲིག་དང་ལེགས་སྒྲིག་ཀྱང་བྱས་ཡོད།

དཔྱད་གཞི་ཚོགས་ཆུང་ལ་ཐོག་མར་ཞུགས་མཁན་གྱི་སློབ་མ་ཁག་གཅིག་ད་ཆ་སློབ་གྲྭ་ནས་ཐོན་པ་དང་། ད་ཆ་ཚོགས་པས་དགེ་རྒན་དང་སློབ་མ་གསར་པ་དེར་ཞུགས་པའི་ཡིད་དབང་བཀུག་སྟེ་ཀན་ལྷོ་བོད་རིགས་གྲོང་ཚོར་མུ་མཐུད་དུ་བརྟག་ཞིབ་དང་ཟིན་ཐོ་འགོད་མཁན་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།