ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་ཀན་ལྷོ་ཁུལ་གྱི་ཤང་གྲོང་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཀན་ལྷོ་བརྟག་དཔྱད་རུ་ཁག་གིས་བརྟག་དཔྱད་བྱས་པའི་གཞི་གྲངས་ལྟར་ན། 2018ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤང་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྤྱིའི་ཆ་ནས་བརྟན་པོར་འཕར་ཡོད་ཅིང་། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་ཅུང་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་བའི་རྣམ་པ་མངོན་ཡོད་ལ། འཛད་སྤྱོད་ཀྱི་སྒྲིག་གཞི་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད།

ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར24783.0དང་། དུས་མཉམ་ལས་སྒོར1771.4དང7.7%འཕར་ཡོད། ཡོང་འབབ་གྲུབ་ཚུལ་གྱི་ངོས་ནས་བལྟས་ན། རྣམ་གྲངས་བཞིའི་ཡོང་འབབ་ཁྱོན་ཡོངས་ནས་འཕར་ཡོད་ཅིང་། དེའི་ཁྲོད་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར19441.0དང་། དུས་མཉམ་ལས་སྒོར1569.7དང8.8%འཕར་ཡོད། བདག་གཉེར་དོ་དམ་གྱི་ཡོང་འབབ་རྐྱང་མ་སྒོར་3497.5དང་། དུས་མཉམ་ལས་སྒོར154.5དང4.6%འཕར་ཡོད། རྒྱུ་ནོར་ཡོང་འབབ་ཁེ་གཙང་སྒོར738.5དང་། དུས་མཉམ་ལས་སྒོར30.1དང4.3%འཕར་ཡོད། སྤོ་སྒྱུར་བྱས་ནས་ཐོབ་པའི་ཡོང་འབབ་ཁེ་གཙང་སྒོར1106.0དང་། དུས་མཉམ་ལས་སྒོར17.1དང1.6%འཕར་སྣོན་བྱུང་ཡོད། 

ཁུལ་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར7677.0དང་། ལོ་གོང་མ་དང་བསྡུར་ན་སྒོར679.2འཕར་སྣོན་བྱུང་ཡོད་པ་དང9.7%འཕར་ཡོད། ཡོང་འབབ་གྲུབ་ཚུལ་གྱི་ངོས་ནས་བལྟས་ན། གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར3233.9དང་། དུས་མཉམ་ལས་སྒོར336.4འཕར་སྣོན་བྱུང་ཡོད་པ་དང11.6%འཕར་ཡོད། བདག་གཉེར་བྱས་ནས་ཐོབ་པའི་ཡོང་འབབ་རྐྱང་མ་སྒོར3267.3དང་། དུས་མཉམ་ལས་སྒོར266.9འཕར་སྣོན་བྱུང་ཡོད་པ་དང8.9%འཕར་ཡོད། སྤོ་སྒྱུར་བྱས་ནས་ཐོབ་པའི་ཡོང་འབབ་ཁེ་གཙང་སྒོར1093.2དང་། དུས་མཉམ་ལས་སྒོར73.4འཕར་སྣོན་བྱུང་ཡོད་པ་དང7.2%འཕར་ཡོད། རྒྱུ་ནོར་ཡོང་འབབ་ཁེ་གཙང་སྒོར82.6དང་། དུས་མཉམ་ལས་སྒོར2.4འཕར་སྣོན་བྱུང་ཡོད་པ་དང3.0%འཕར་ཡོད། 

2018ལོར། ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར17490.6དང་། དུས་མཉམ་ལས་སྒོར1727.6འཕར་སྣན་བྱུང་ཡོད་པ་དང11.0%འཕར་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར6311.1དང་། དུས་མཉམ་ལས་སྒོར611.7འཕར་སྣོན་བྱུང་ཡོད་ལ། ལོ་གོང་མ་དང་བསྡུར་ན་དུས་མཉམ་ལས10.7%འཕར་ཡོད། 

འཚོ་བའི་འཛད་སྤྱོད་རིགས་བརྒྱད་ཀྱི་འགྲོ་སོང་འཕར་ཚད་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་ལྟར་ན། གྲོང་རྡལ་སྡོད་དམངས་ཀྱི་འགྲོ་སོང་འཕར་ཚད་ཨང་དང་པོ་ནས་གསུམ་པའི་བར་དུ་ཡོད་པ་ནི། སྨན་བཅོས་བདེ་སྲུང་གི་རིགས21.0%འཕར་བ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས14.4%འཕར་བ། སྡོད་ཁང་གི་རིགས13.5%འཕར་ཡོད་པ་དང་། ཞིང་སྡེའི་སྡོད་དམངས་ཀྱི་འགྲོ་སོང་འཕར་ཚད་ཨང་དང་པོ་ནས་གསུམ་པའི་བར་དུ་ཡོད་པ་ནི། སློབ་གསོ་རིག་གནས་རོལ་རྩེད17.1%འཕར་བ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས15%འཕར་བ། སྨན་བཅོས་བདེ་སྲུང་གི་རིགས14.4%འཕར་བ་བཅས་སོ།། ཁུལ་ཡོངས་ཀྱི་ཤང་གྲོང་སྡོད་དམངས་ཀྱི་རྒྱུན་གཏན་གྱི་འཛད་སྤྱོད་གཏོང་སྒོའི་ཁྲོད་གཞི་རྩའི་འཚོ་གནས་ཀྱི་དགོས་མཁོ་འགན་སྲུང་ཐད་ཀྱི་གཏོང་སྒོའི་བསྡུར་ཚད་རིམ་བཞིན་མར་འགྲིབ་ཡིན་པ་དང་། འཕེལ་རྒྱས་དང་ལོངས་སྤྱོད་རིགས་ཀྱི་འཛད་སྤྱོད་བསྡུར་ཚད་ཡར་འཕེལ་བྱུང་ཡོད་པས་འཚོ་བའི་སྤུས་ཚད་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།