ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གི“བསྒྱུར་གསུམ”བཅོས་སྒྱུར་གྱིས་ཞིང་སྡེའི་འཚོ་གནས་ཐོན་སྐྱེད་ལ་གསོན་ཤུགས་རྒྱས་སུ་བཅུག་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ཞིང་སྡེའི་བསྒྱུར་གསུམ་བཅོས་སྒྱུར་བྱ་བ་དེ་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་འགོ་རྩོམ་ས་བྱས་ནས། ཁེ་ལས་གཙོ་བོ་དང་ཞིང་བའི་ཆེད་ལས་མཉམ་ལས་ཁང་། ཞིང་བ་མང་ཚོགས་ཕན་ཚུན་མཉམ་འབྲེལ་བྱེད་པའི་ནང་རྐྱེན་བཙུགས་ཏེ། ཞིང་སྡེའི“བསྒྱུར་གསུམ”བཅོས་སྒྱུར་ལ་གསོན་ཤུགས་རྒྱས་སུ་བཅུག་ནས། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ཡོད།

ཏུང་ཧྲན་གྲོང་རྡལ་གྱི་ཞེ་ཅཱ་སྡེ་བའི་ཀླུ་བདུད་རྡོ་རྗེའི་ཆེད་ལས་མཉམ་ལས་ཁང་གིས་མཐུན་ཚོགས་དང་ཆེད་ལས་མཉམ་ལས་ཁང་། རྟེན་གཞི། ཞིང་བའི་ཁྱིམ་ཚང་བཅས་མཉམ་ལས་བྱེད་པའི་འཕེལ་རྒྱས་རྣམ་པ་ཆགས་སུ་བཅུག་ཅིང་། དབུལ་ཕོངས་ཁྱིམ་ཚང་གིས་ཁྱིམ་བྱ་གསོ་བའི་ཐོན་ལས་གོང་དུ་སྤེལ་ནས། སྡེ་བ་རང་དང་མཐའ་སྐོར་ཤང་གྲོང་གི་མང་ཚོགས་ཀྱིས་ལས་རིགས་གསར་སྐྲུན་དང་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་ཁྲིད་བྱས། ད་སྐབས། མཉམ་ལས་ཁང་འདིས་ཁྱིམ་བྱ་ཁྲི30ལྷག་གསོས་ཡོད་ལ། ལོ་རེའི་ཡོང་འབབ་རྐྱང་བ་སྒོར་ཁྲི1100ལྷག་ལ་བསླེབས་པས། ན་ནིང་གི་ཟླ་བ་བཞི་བར། དབུལ་ཕོངས་ཁྱིམ་ཚང89ལ་ཡོང་འབབ་སྒོར་ཁྲི7.5ལྷག་བགོ་རྒྱུ་བྱུང་ཡོད།

ཀན་ཙི་ཀུའུ་སྡེ་བ་ནས་སྣ་འཛོམས་གསོ་སྤེལ་ཞིང་བའི་མཉམ་ལས་ཁང་བཙུགས་ཏེ། སྡེ་བ་དང་མཉམ་ལས་ཁང་། དབུལ་ཕོངས་ཁྱིམ་ཚང་བཅས་མཉམ་འབྲེལ་གྱིས་ཤྭ་ཁྲ་དང་བོང་བུ་གསོ་སྤེལ་ཐོན་ལས་གཉེར། ན་ནིས་གི་ཟླ་བ་དྲུག་པར། “བསྒྱུར་གསུམ”བཅོས་སྒྱུར་གྱི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་ནས། མཉམ་ལས་ཁང་གིས་ལོ་རེར་སྒོར་ཁྲི5ཡི་ཚད་གཞི་ལྟར་ཀན་ཙི་ཀུའུ་སྡེ་བར་ཡོང་འབབ་བགོ་འགྲེམས་དང་། དབུལ་ཕོངས་ཁྱིམ་ཚང13དང་དབུལ་ཐར་ཁྱིམ་ཚང25 ས་ཞིང་མ་རྐང་དུ་བཞག་པའི་ཁྱིམ་ཚང8བཅས་ལ་ཡོང་འབབ་བགོ་འགྲེམས་བྱེད་པའི་གན་རྒྱ་བཞག་ནས་དབུལ་ཕོངས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་ཇེ་མཐོར་བཏང་།

ཀུ་ཏི་ཤ་མོ་དང་མོག་རོ་ནག་པོས་མཚོན་པའི་ཁྱད་ལྡན་ཤ་མོའི་ལས་རིགས་དེ་འབྲུག་ཆུའི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། འབྲུག་ཆུ་རྫོང་གི་ཐེན་ཧོ་ཤ་མོའི་ལས་རིགས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ཁུར་བ་ཅང་པའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐོན་རྫས་ཀྱི་སྣ་ཁ་ཇེ་མང་དང་ཐོན་ལས་སྒྲིག་གཞི་སྙོམ་སྒྲིག་བྱ་ཆེད། ཀུང་སི་དང་ལག་རྩལ་ལས་ཁུངས། ཞིང་བ་ཁྱིམ་ཚང་བཅས་མཉམ་ལས་བྱེད་པའི་ཚོང་གཉེར་རིག་ལམ་ལྟར། མ་དངུལ་སྒོར་ཁྲི450ལྷག་བཏང་ནས་མོག་རོ་ནག་པོའི་ཐོན་སྐྱེད་གཞི་ས་གསར་དུ་བཙུགས་པ་དང་། འདེབས་འཛུགས་ཆེད་ལས་མཁས་པ་གདན་དྲངས་ནས་འདེབས་འཛུགས་ལག་རྩལ་དང་ཐོན་ལས་བརྒྱུད་རིམ་ཚད་ལྡན་དུ་བཏང་། སྔོན་རྩིས་བྱས་པ་ལྟར་ན2019ལོར། ཞིང་ཆེན་ཡོངས་སུ་མོག་རོ་ནག་པོའི་འདེབས་འཛུགས་རྟེན་གཞི་ས་མུའུ1500ལ་རྒྱ་སྐྱེད་རྒྱུ་དང་། ཐོན་ཚད་རྒྱ་མ་ཁྲི90ལ་བསླེབ་པ་དང་། ཐོན་འབབ་སྒོར་ཁྲི2700ལྷག་ལ་བསླེབ་རྒྱུ། མང་ཚོགས་ཁྱིམ་ཚང800སྐུལ་ཁྲིད་བྱས་ནས་ཞིང་བ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར4000ནས6000བར་ལ་བསླེབ་ཏུ་འཇུག་རྒྱུ་བྱས་ཡོད།

ད་སྐབས་རྫོང་ཡོངས་སུ། ཞིང་བའི་ཆེད་ལས་མཉམ་ལས་ཁང1488དང་། མ་རྐང་དངུལ་གཏོང་སྒོར་དུང་ཕྱུར6.4ལ་བསླེབས་ཡོད། དེའི་ནང་དུ་དབུལ་ཕོངས་སྡེ་བ87ལ་ཞིང་བའི་ཆེད་ལས་མཉམ་ལས་ཁང350ཡོད་པས། དབུལ་ཕོངས་སྡེ་བ་རེ་ལ་མཉམ་ལས་ཁང2རེའི་ཡན་ཡོད། བཅོས་སྒྱུར་དང་ཚོད་ལྟ་རབ་དང་རིམ་པ་བྱས་པ་བརྒྱུད། ད་སྐབས་རྫོང་ཡོངས་སུ་ཁྱིམ་བྱ་ཁྲི43ལྷག་དང་། གསོས་ཕག1010 ཀྲུང་ཧྭའི་སྦྲང་མ་སྒམ2670 བོང་བུ་ནག་པོ420 ཤྭ་ཁྲ74 ནོར་གནག60བཅས་གསོས་ཡོད་པ་དང་། ཀྲུང་སྨན་རྒྱུ་ཆ་ས་མུའུ578དང་། དཔལ་འབྱོར་ ཤིང་འབྲས་ས་མུའུ2229 ཤ་མོའི་རིགས་ས་མུའུ30བཅས་འདེབས་འཛུགས་བྱས་ཡོད་པས། ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ལྡན་པའི་སྐུལ་འདེད་བཏང་བ་དང་གཏོང་མུས་སུ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།