ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་མངོན་བཤེར་ལྐོག་ཞིབ་བྱས་ཏེ་སྤྱོད་བཟང་སྒྲིག་ལེགས་སྲ་བརྟན་དུ་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་གྱི་སྐབས་སུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྒྲིག་ཨུ་དང་ལྟ་བཤེར་ཨུས་རྫོང་ཚོང་ར་ལྟ་བཤེར་དོ་དམ་དང་ཁྲལ་བསྡུ། སྤྱི་བདེ་སོགས་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་གྱིས་མངོན་བཤེར་ལྐོག་ཞིབ་ཀྱི་ཚན་ཆུང་བཙུགས་ཏེ། རྫོང་ཡོངས་ཀྱི་མངའ་ཁོངས་ནས་གཏིང་ཟབ་ཀྱིས་མངོན་བཤེར་དང་ལྐོག་ཞིབ་ཀྱི་བྱ་འགུལ་གཏིང་ཟབ་སྤེལ།

ཐེངས་འདིའི་མངོན་བཤེར་ལྐོག་ཞིབ་ཀྱི་བྱ་བ་ནི་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ། ལས་ཁུངས་དང་སྡེ་ཁག54དང་། ད་དུང་མགྲོན་ཁང་དང་ཟ་ཁང་། ཆང་ཁང་། ཞིང་ཁྱིམ་སྤྲོ་སྐྱིད་གླིང་། ཚོང་ར་བཅས་ས་གནས11ལ་སོང་སྟེ། གཞུང་སྒོར་སྤྱད་ནས་ཟ་མ་བཟའ་བ་དང་འཛད་སྤྱོད་བྱེད་པ། ཡུལ་སྐོར་བྱེད་པ་དང་དངོས་པོ་སྐྱེལ་བ། ལོ་སར་གྱི་འཚམས་འདྲིའི་ལེགས་སྐྱེས་སྐྱེལ་བ། གཞུང་གི་རླངས་འཁོར་བེད་སྤྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ལྟ་རྟོག་བྱས། ད་དུང་ཡུལ་གྲོགས་དང་སློབ་གྲོགས། འཐབ་གྲོགས་ལྷན་འཛོམས་སོགས་ཀྱི་བྱ་འགུལ་ལ་སྒྲིག་འགལ་གྱིས་ཞུགས་པ། མང་ཚོགས་ཀྱི་འཚོ་བའི་ཁ་གསབ་ཐད་ཀྱི་ལྐོག་ཟ་དང་ལས་བྱེད་མི་སྣ་དག་གིས་ཁེ་ཕན་ལྷག་མ་བླངས་ཡོད་མེད་སོགས་ཀྱི་གནད་དོན་ལ་ལྟ་རྟོག་བྱེད་ཤུགས་ཇེ་ཆེར་བཏང་། དེ་དང་མཉམ་དུ་ལོ་སར་སྐབས་སུ་དབུལ་སྐྱོར་དམངས་ཕན་གྱི་སྲིད་ཇུས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་འགན་འཁྲི་སོགས་ཀྱི་བྱ་བ་ལག་བསྟར་དང་ལས་རེས། ཞབས་ཞུ་འགན་སྲུང་སོགས་ཀྱི་བྱ་བར་ལྟ་ཞིབ་བྱས།

རྩིས་ཁྲ་ཞིབ་བཤེར་བྱེད་པ་གཙོར་བཟུང་སྟེ། ཚོང་ར་དང་ཚོང་ཁང་། ཆང་ཁང་སོགས་ཀྱི་འཛད་སྤྱོད་དངུལ་འཛིན་ལ་ལྟ་རྟོག་དང་། ལས་ཁུངས་ཀྱི་སྤྱིའི་འཛད་སྤྱོད་གནས་ཚུལ་རྒྱུས་ལོན་བྱས་ཤིང་། ཤུགས་ཆེན་གྱིས“སྤྱོད་ངན་བཞི”ཡི་གནད་དོན་དག་ཐེར་བྱས། གནད་དོན་མཐོང་མ་ཐག་ཏུ་བཟོད་སྒོམ་སྤུ་ཙམ་མེད་པར་མགྱོགས་མྱུར་གྱིས་ཕྱི་ལ་ཁྱབ་བསྒྲགས་བྱས་ནས། བྱ་བ་དང་སྤྱོད་པ་འཛུགས་སྐྱོང་བྱེད་པའི་ཕན་འབྲས་སྲ་བརྟན་དུ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།