ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཕུན་སུམ་ཚོགས་པའི་ངང་གྲོལ་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོས་སུ་ཕུན་སུམ་ཚོགས་པའི་ངང་གྲོལ།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་འོས་པའི་ཨུ་ཡོན218ཡོད་ཅིང་དངོས་སུ་ཞུགས་པའི་ཨུ་ཡོན195ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཞུས་ཆང་། ཀའོ་ཡུས་ཕིན། རྒྱ་ཚང་བློ་བཟང་མཁས་གྲུབ་རྒྱ་མཚོ། རྨིན་ཁྲིན་ཞི། སྐལ་བཟང་རྒྱ་མཚོ། ཀྲང་པིན། ཨན་ཝུན་ཞི། ཞ་ཧྲི་ལུང་། རྨིན་ཝུན་ཧེ། གདུགས་དཀར་སྐྱབས་བཅས་ཡིན།

གདན་ཞུས་ལྟར་ཐེངས་འདིའི་ཚོགས་ཆེན་དུ་ཞུགས་པའི་ཁུལ་གྱི་འགོ་ཁྲིད་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་བཤེར་ཨུའི་ཀྲུའུ་རེན་ཧའོ་ཅུའེ་རྨིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་ལི་རུའེ་ཕིན། དབྱང་ཅན་གོ ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའང་མིང་ཀོང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཚའེ་དང་དབྱང་ཁྲང་ཏེ། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཁུལ་དཔོན་གཞོན་པ། གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ། ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ། ཁུལ་སྲིད་གྲོས་ཀྱི་སྔོན་གྱི་ཀྲུའུ་ཞི་གཞོན་པ་ཡོའུ་ཏ་ཀང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིན། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་དམག་སྤྱི་གཞོན་པ་དབྱང་ཆི་ཡོན།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན་དང་ ཀྲའོ་ཧུང་ཚའེ། དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲིན་གོ རྨིན་ཀྲན་པིའོ། སྒྲོལ་མ་སྐྱབས་དང་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཀན་ལྷོ་རུ་སྡོད་པའི་ཨུ་ཡོན་དང་། ཁུལ་ཨུའི་གཞུང་སྒྲུབ་ཁང་དང་ཁུལ་དམངས་ཆེན་གཞུང་སྒྲུབ་ཁང་། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་། ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་སོ་སོ་དང་གཞུང་སྒྲུབ་ཁང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ། སྤྱི་ཚོགས་ཀྱི་ཚོགས་པ་དང་ཞིང་ཆེན་དུ་གཏོགས་པའི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་ཐེངས་འདིའི་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

གྲོས་ཚོགས་སུ། 《སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད》དང་། 《སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྐོར་གྱི་སྙན་ཞུའི་གྲོས་ཆོད》《སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་སྐོར་གྱི་གནས་ཚུལ་སྙན་ཞུའི་གྲོས་ཆོད》《སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཞིབ་བཤེར་ཐོ་འགོད་བྱ་བའི་སྐོར་གྱི་གནས་ཚུལ་སྙན་ཞུའི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་།

མཇུག་མཐར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གིས་གསུང་བཤད་གལ་ཆེན་གནང་། ཁོས་བསྟན་པར། ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོ་གསར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པའི་ལོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པའི་གནད་འགག་གི་ལོར་ཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ཁུལ་ཨུས་ཐེངས་འདིའི་གྲོས་ཚོགས་ལ་མཐོང་ཆེན་བྱས་པ་སྟེ། ཧྲུའུ་ཅི་ཡུས་ཁྲིན་ཧའེ་ཡིས་འགོ་རྩོམ་པའི་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་ལ། ན་ནིང་གི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་བར་གདེང་འཇོག་ཚད་མཐོན་པོ་བྱས་པ་མ་ཟད། དར་ཆ་གསལ་སྒྲེང་སྒོས་ཆབ་སྲིད་གླེང་བ་དང་སྲིད་ཞུགས་སྲིད་གླེང་། འཕེལ་རྒྱས་བརྩོན་ལེན། སེམས་ཤུགས་གཅིག་སྒྲིལ་གྱིས་འཆམ་མཐུན་ལ་སྐུལ་སྤེལ་བྱེད་པ་དང་། དཔུང་སྡེ་རྒྱུན་འཛིན་དང་གསར་སྐྲུན་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་བར་བླང་བྱ་བཅུ་གཉིས་བཏོན་ཡོད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ད་ལོའི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་བ་བསྒྲུབ་པར་འབད་བརྩོན་གྱི་ཁ་ཕྱོགས་དང་བྱ་བའི་གཙོ་གནད་གསལ་སྟོན་བྱས་པས་ང་ཚོས་ནན་ཏན་གྱིས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ། ལག་ལེན་དོན་འཁྱོལ་བཅས་བྱ་དགོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་ཨུ་ཡོན་གཏམ་བཤད་ཚོགས་འདུར་ཞུཊ་ཏེ་ཨུ་ཡོན12ཀྱི་གཏམ་བཤད་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ལག་བསྟར་བྱེད་པ་དང་སྲིད་ཞུགས་སྲིད་གླེང་བྱེད་པར་བླང་བྱ་ནན་མོ་བཏོན།

ཁོས་བཤད་རྒྱུར། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཚང་མས་ནན་ཏན་གྱིས་འགན་འཁྲི་དང་ལེན་བྱས་ཏེ་བྱ་བའི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། དུས་རབས་གསར་བ་དང་གོམ་པ་མཉམ་སྤོ། འདུ་ཤེས་གསར་བ་རྒྱུན་འཁྱོངས། འགན་འཁྲི་གསར་བ་གནད་ཁེལ། བཀོད་སྒྲིག་གསར་བ་དངོས་འབེབས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད། འབད་བརྩོན་ལྷོད་མེད། ལས་འབྲས་གསར་བ་གསར་སྐྲུན། བྱས་རྗེས་གསར་འཇོག་བཅས་བྱ་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས། རང་འགུལ་གྱིས་ཞིབ་བསྡུར་དང་བྱས་རྗེས་གསར་བ་ཕྱིར་མཚོན་བྱ་དགོས། གཉིས་སུ་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས། གསུམ་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པའི་བསམ་བློ་རྒྱུན་འཁྱོངས་དང་རང་འགན་གཙང་སྒྲུབ། དམངས་འཚོ་ཕྱུག་འགྱུར་ཡོང་བར་བྱས་རྗེས་གསར་བ་འཇོག་དགོས། བཞི་རུ་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དམངས་གཙོ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་གྲོས་མཉམ་ལས། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱེད་པའི་ཐད་ལས་སྒྲུབ་གསར་བ་མངོན་དགོས། ལྔ་རུ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་དང་། རང་ནུས་ཇེ་དྲག འགན་ནུས་ལག་བསྟར་གྱི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་བྱས་རྗེས་གསར་བ་མངོན་དགོས།

ཨུ་ཡོན་ཡོངས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་ཇེ་དྲག་དང་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས་ལ། སྲིད་ཞུགས་སྲིད་གླེང་གི་སྔོན་ཐོན་དང་དམངས་གཙོ་ལྟ་སྐུལ་གྱི་རྐང་བྱེད་མཁན། མང་ཚོགས་ལ་འབྲེལ་གཏུག་གི་ཟམ་པ་ལྟ་བུའི་སྦྲེལ་ཐག  སྒྲིག་སྲུང་ཁྲིམས་སྲུང་གི་དཔེ་སྟོན་བཅས་ལ་བརྩོན་ལེན་བྱ་དགོས་པ། ངེས་ཤུགས་ཡོད་པ་དང་བརྩེ་སེམས་ལྡན་པ། འགན་འཁྲི་ཡོད་པ་དང་འགན་ཁུར་ཕོད་པ། ནུས་པ་ཡོད་པ་དང་བྱས་རྗེས་ཡོད་པ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཏུ་བརྩོན་ལེན་དང་། འབད་བརྩོན་ལ་བརྟེན་ནས་འགན་འཁྲི་སྒྲུབ་པ་དང་དངོས་སྒྲུབ་ལ་བརྟེན་ནས་ཕུགས་འདུན་མངོན་དགོས། ང་ཚོས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཡིད་ལ་བཅངས་པ། སྟོབས་ཤུགས་ཆེར་སྐྱེད་ཀྱིས་ལས་འགན་སྒྲུབ་པ། དབུལ་ཐར་མཁྲེགས་གཏོར་གྱི་ཐག་གཅོད་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཕུད་ཐག་ཆོད་པ་ལེན་པ།  བདེ་སྐྱིད་མཛེས་སྡུག་གི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་པ་དང་།  ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པར་བསུ་མ་བྱ་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།