ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡིས2020ལོ་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་མི་ཁྲི15དབུལ་སྒྲོལ་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2019ལོའི་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང(ཀྲུའུ་རེན)ཚོགས་འདུ་ལན་ཀྲོའུ་རུ་འཚོགས་པ་རེད། གསར་འགོད་པས་ཚོགས་རའི་ཡུལ་དངོས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་ཞིང་ཆེན་དེ་ཡོངས་ཀྱིGDPཡི་8%ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་ཆབས་ཅིག་མི་ཁྲི15དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་ཞིང་ཆེན་དེ་ཡོངས་ཀྱིGDPཡི7%ཟིན་པ་དང་། རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར178.16ཟིན་ནས8.9%འཕར་ཡོད། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར3.02ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2060ཟིན་ཏེ་སོ་སོར26%དང30%ཡན་འཕར་ཡོད་པ་རེད།

2018ལོར་ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་དབུལ་པོ1196རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་དབུལ་སྐྱོར་གྱི་གཙོ་གནད་གྲོང་ཚོའི་འཆར་གཞིའི་ནང་འཇུག་རྒྱུའི་བརྩོན་ལེན་བྱས་པ་དང་། རིགས་ཁག་གི་དབུལ་སྐྱོར་མ་དངུལ་ཁྱོན་སྒོར་དུང་ཕྱུར10.71བཀོད་སྒྲིག་བྱས་ཤིང་། 2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི8520ཟིན་པ་དེས་བསྡོམས་འབོར་གྱི1/4བཟུང་བ་དང་། ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར165བྱུང་ཡོད། ཀན་ལྷོ་ཀྲོའུ་དང་ཀ་ཆུ་ཀྲོའུ་སོགས་ཤིན་ཏུ་དབུལ་པོའི་རྫོང35ཡི་གྲོང་གསེབ་ཡུལ་སྐོར་དར་རྒྱས་ཆེན་པོ་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སུ་མི་ཁྲི76ལས་ཞུགས་ཐུབ་པ་དང་མི་ཁྲི13དབུལ་སྒྲོལ་བྱུང་བ་རེད།

2019ལོར་ཀན་སུའུ་ཡི་རིག་གནས་དང་ཡུལ་སྐོར་ཐིང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ནི། ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར200ཟིན་པ་བྱ་རྒྱུ་དང་། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར3.7དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2680ཟིན་པ་བྱས་ནས་སོ་སོར24%དང30%ཡན་འཕར་བ་བྱ་རྒྱུ། ལས་ཞུགས་ཐུབ་པའི་མི་གྲངས་ཁྲི87དང་མི་ཁྲི15དབུལ་སྒྲོལ་ཡོང་བ་བྱ་རྒྱུ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་ཞིང་ཆེན་ཡོངས་ཀྱིGDPཡི་8%ཟིན་པ་བྱ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།