ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོནལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོས་སུ་གཟབ་རྒྱས་ངང་ཚོགས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190114055601734.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཐེངས་འདིའི་ཚོགས་ཆེན་ལ་ཞུགས་འོས་པའི་ཨུ་ཡོན218ཡོད་ཅིང་དངོས་སུ་ཞུགས་པའི་ཨུ་ཡོན195 ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན། ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི། ཞུས་ཆང་དང་དབྱང་སྒྲོལ་མ། ཝང་ཡ་ནན།  ཀྲའོ་ཧུང་ཚའེ།  དུས་འཁོར་ཚང་།  དབྱང་ཞའོ་ནན། ཨན་ཞུས་ལིན།  ཏུང་ཀྲིན་གོ  རྨིན་ཀྲན་པིའོ།  སྒྲོལ་མ་སྐྱབས། ཆོན་ཡུང་ཁང་། ཞུས་ཅིན། སྐལ་བཟང་རྣམ་རྒྱལ། ཝང་ཡོན་ཀྲིན། ཧྥང་ཞའོ་ཏུང་བཅས་ཡིན།

ཚོགས་ཆེན་ལ་གདན་ཞུ་བྱས་པའི་འགོ་ཁྲིད་པ་ནི་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་།  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ།  ཁུལ་ཨུའི་རྒྱུན་ཨུའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་སུང་ཅན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ།  ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ།  ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞི་ཆང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི།  ཁུལ་ལྟ་བཤེར་ཨུའི་ཀྲུའུ་རེན་ཧའོ་ཅུའེ་རྨིན།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་ལི་རུའེ་ཕིན། དབྱང་ཅན་གོ  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའང་མིང་ཀོང་།  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཚའེ།  དབྱང་ཁྲང་ཏེ།  ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའམ་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་རིན་ཆེན་དོན་གྲུབ། ཁུལ་དཔོན་གཞོན་པའམ་ཁུལ་འཆར་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན། ཁུལ་སྲིད་གྲོས་ཀྱི་སྔོན་གྱི་ཀྲུའུ་ཞི་གཞོན་པ་ཡོའུ་ཏ་ཀང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལི་ཞའོ་ཉིན། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་དཔོན་མ་ལུང་ཆོན། ཀན་ལྷོ་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་མོ་ཞིན་ཝུན། འགོ་གཙོ་གཞོན་པ་དབྱང་ཆི་ཡོན། རྒྱལ་ཁབ་བདེ་འཇགས་ཅུས་ཀན་ལྷོའི་ཡན་ལག་རུ་ཁག་གི་འགོ་གཙོ་གོ་ཝེ་རྨིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་བཅས་ཡིན།

20190114055710430.jpg

གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན་ཞིང་ཆེན་སྲིད་གྲོས་ཀན་ལྷོ་རུ་གནས་པའི་ཨུ་ཡོན་དང་། ཁུལ་ཨུའི་གཞུང་སྒྲུབ་ཁང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་གཞུང་སྒྲུབ་ཁང་། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་། ཁུལ་སྲིད་གྲོས་གཞུང་སྒྲུབ་ཁང་། ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་ཁང་དང་སྡེ་ཁག་སོ་སོ། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ། སྤྱི་ཚོགས་ཀྱི་ཚོགས་པ་དང་ཞིང་ཆེན་དུ་གཏོགས་པའི་ལས་ཁུངས་སོ་སོ། དངུལ་རྩ་ཉེན་འགོག་ལས་རིགས་དང་། སློབ་གྲྭ སྨན་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་ཡོད།

གྲོས་ཚོགས་སུ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས་ཤིང་གཏམ་བཤད་གལ་ཆེན་གནང་། ཡུས་ཁྲིན་ཧུའེ་ཡིས་བསྟན་པར། ལོ་རྙིང་བ་མཇུག་བསྡུ་བ་དང་ལོ་གསར་བ་བསུ་ལ་ཉེ་བའི་སྐབས་འདིར། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས། ཁུལ་ཡོངས་ཀྱི་ལས་རིགས་སོ་སོ་ནས་ཐོན་པའི་ཨུ་ཡོན་རྣམས་ཀྱིས་མི་དམངས་མང་ཚོགས་ཀྱི་མངགས་བཅོལ་ཕྲག་ཏུ་ཁུར་ནས་གནས་འདིར་མཉམ་དུ་འཛོམས་ཏེ། མཉམ་དུ་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་འཆར་གཞི་གྲོས་ཞིབ་དང་། མི་དམངས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཆེད་གྲོས་གཞི་འདོན་རྒྱུ་རེད། འདིར་བདག་གིས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཚབ་བྱས་ཏེ། ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་དང་། ཨུ་ཡོན་རྣམ་པ་དང་ཚོགས་ཞུགས་བློ་མཐུན་ཡོངས་ལ་སེམས་གཏིང་ནས་ཁམས་འདྲི་ཞུ་བ་ཡིན།

འདས་པའི་ལོ་ངོ་གཅིག་གི་རིང་ལ། ཁུལ་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱས་ནས། མུ་མཐུད་དུ་རང་ཉིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རྒྱ་ཆེ་བའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། ཀན་ལྷོ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བར་ཕན་ནུས་ལྡན་པའི་བྱ་བ་མང་བོ་བསྒྲུབས། གཅིག་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་ཞུས་པས་སྲིད་གྲོས་ཀྱི་འགན་འཁྲི་མངོན་པར་བྱས། གཉིས་ནས་གཏན་འཇགས་སྲུང་སྐྱོང་བྱས་པས་སྲིད་གྲོས་ཀྱི་ཁྱད་ནུས་འདོན་སྤེལ་བྱས། གསུམ་དུ་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་བྱས་པས་སྲིད་གྲོས་ཀྱི་ནུས་ཚད་བརྒྱུད་སྤྲོད་བྱས། བཞི་རུ་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དྲག་ཏུ་བཏང་བས་སྲིད་གྲོས་ཀྱི་ཤུགས་རྐྱེན་རྒྱ་ཆེ་རུ་བཏང་།

20190114055725861.jpg

2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ 70འཁོར་བ་དང།  མི་དམངས་སྲིད་གྲོས་བཙུགས་ནས་ལོ70འཁོར་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། ང་ཚོས་དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར། ངེས་པར་དུ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ། དམངས་ཡོངས་ཀྱི་བསམ་པ་དང་ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་ཀྱིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས། གནས་བབ་ཀྱི་འགྱུར་ལྡོག་གསར་བ་དང་། འཕེལ་རྒྱས་ཀྱི་བླང་བྱ་གསར་བ། མང་ཚོགས་ཀྱི་རེ་བ་གསར་བ་བཅས་ལ་རང་འགུལ་ངང་འཚམ་པ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ལ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཉིས་དམ་འཛིན་བྱ་དགོས། ཏན་ཏིག་གིས་ཤེས་ལྡན་པ་མང་བ་དང་། རིག་སྟོབས་མང་འདུས། ཡོངས་ཁྱབ་ཏུ་འབྲེལ་གཏུག་བྱེད་པའི་རྩ་འཛུགས་ཀྱི་བཟང་ཆ་དེ་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་བཅོས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་ལས་ཀའི་ཕྱོགས་སུ་བསྒྱུར་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། བདེ་སྐྱིད་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས། ངས་གོ་སྐབས་འདི་དང་བསྟུན་ནས་ཁུལ་ཨུའི་ཚབ་ཞུས་ནས་ཚང་མར་རེ་བ་འགའ་འདོན་རྒྱུ་སྟེ།

གཅིག་ཏུ་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་ལ་དང་དོད་བྱས་ནས། ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱ་དགོས་པ་དང་། གཉིས་སུ་འཕེལ་རྒྱས་སྐུལ་བར་ཐབས་འདོན་ཇུས་འབུལ་བྱེད་པ་དང་། རང་འགུལ་གྱིས་འགན་འཁྲི་དང་དུ་ལེན་པ། གསུམ་དུ་ནུས་ཤུགས་ཡོད་རྒུས་འཆམ་མཐུན་ལ་སྐུལ་བ་དང་། ཤུགས་ཆེན་སྒོས་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱ་དགོས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་མི་དམངས་སྲིད་གྲོས་ཀྱི་བྱ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས་གྲོས་མོལ་དང་དམངས་གཙོ་དེ་གལ་ཆེའི་གནད་དོན་གྱི་འཐབ་ཇུས་ལག་བསྟར་ཁྲོད་དོན་འཁྱོལ་བྱེད་པ་དང་དམངས་གཙོ་གྲོས་མོལ་དེ་འཐབ་ཇུས་ཁྲོད་མ་ཞུགས་སྔོན་དང་ཞུགས་སྐབས་སྲིད་གྲོས་ཀྱི་སྐྱོན་བརྗོད་དང་བསམ་འཆར་བཏོན་པར་ཉན་ཞིང་དང་དུ་བླངས་པ། རང་འགུལ་སྒོས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་དང་དུ་ལེན་དགོས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གིས་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།

སྙན་ཞུ་ལས་བསྟན་པར། 2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་བྱེད་པ་འགོ་རྩོམ་པའི་ལོ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར 40ལོན་པའི་ལོ། དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་འགག་སྒྲོལ་གྱི་ལོ་ཡིན་པ་མ་ཟད། ཁྱོན་ཡོངས་འབྱོར་འབྲིང་ཡོང་བའི་རྒྱལ་ཁ་རྟིང་ལེན་གྱི་ལོ་དང་། ལྔ་ཚན་བཅུ་གསུམ་པའི་འཕེལ་རྒྱས་འཆར་ཇུས་ལག་བསྟར་བྱེད་པའི་གནད་འགག་གི་ལོ་བཅས་ཡིན། ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱི་སྟོབས་དང་ལྡན་པའི་མཛུབ་སྟོན་དང་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགྱུར་བ་མེད་པའི་མགོ་ཁྲིད་འོག་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་ཁང་གིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། བརྗོད་གཞི་གཉིས་ཏེ་མཐུན་སྒྲིལ་དང་དམངས་གཙོ་དམ་འཛིན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། མི་དམངས་སྲིད་གྲོས་བྱ་བའི་ལེགས་སྒྱུར་ལ་ཤུགས་སྣོན་པའི་སྐོར་གྱི་གསུང་བཤད་གལ་ཆེན་བཅས་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས། སྐྱེ་ཁམས་ལྔ་དམིགས་སུ་བཟུང་ནས་ལས་འགན་ཆེན་པོ་གསུམ་ཧུར་ཐག་གིས་བསྒྲུབས་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་ལྟེ་བར་བཟུང་ནས་གཏམ་དྲང་མོ་ཞུ་བ་དང་དམངས་ཚོགས་ལ་དོ་ཁུར་བྱས་ནས་དངོས་དོན་བསྒྲུབས་ཏེ། མཐུན་སྒྲིལ་ཡར་ཐོན་གྱིས་འཆམ་མཐུན་སྐུལ་སྤེལ་བཏང་ཞིང་གྲོས་མོལ་གྱི་དམངས་གཙོའི་འདུ་ཤེས་སྤེལ་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་མདུན་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་ཆག་མེད་བཏང་བས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་དང་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བའི་འཛུགས་སྐྲུན་ལ་དགེ་མཚན་ཅན་གྱི་བྱས་རྗེས་བཞག་ཡོད་པ་སྟེ།

གཅིག་ཏུ་བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ནན་འཛིན་བྱེད་པར་ཤུགས་བསྣན་ཏེ་ཆབ་སྲིད་གནས་རིམ་མཐོར་འདེགས་ཀྱི་ཁྲོད་དུ་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་པ། གཉིས་སུ་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པར་སྟོབས་ཤུགས་བསྐྱེད་དེ་འཕེལ་རྒྱས་སྤྱི་ཇུས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་འགན་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་བཏང་བ། གསུམ་དུ་དམངས་ཆེད་འགན་ལེན་གྱི་ལྟ་བ་ཉམས་ལེན་ལ་ཤུགས་བཏོན་ཏེ་མི་དམངས་ལ་ཕན་བདེ་བསྐྲུན་པར་ཧུར་ཐག་སྟོབས་ལྡན་གྱི་བྱེད་ནུས་བཏོན་པ། བཞི་རུ་སྲིད་གྲོས་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་ཤུགས་བསྣན་ཏེ་མཐུན་སྒྲིལ་དམངས་གཙོར་སྐུལ་འདེད་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ། ལྔ་རུ་སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་བྱས་ཏེ། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་ཁྲོད་དུ་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་ཡོད།

20190114055840548.jpg

2019ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར 70ལོན་པའི་ལོ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར 70ལོན་པའི་ལོ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་ཀྱི་གནད་འགག་གི་ལོ་བཅས་ཡིན་པས། ད་ལོའི་སྲིད་གྲོས་ལས་དོན་ལེགས་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་གཏིང་ཟབ་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ནས། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”སྔར་བས་གཡོ་བ་མེད་པ། བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པའི་ངང་ཞིང་ཆེན་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་ཚོགས་དང་ཁུལ་ཐེངས་བཅུ་གཉིས་པའི་ཏང་གི་འཐུས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་ཏན་ཏིག་བྱེད་པ་དང། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་རྒྱུན་འཁྱོངས་བྱས་ནས “སྐྱེ་ཁམས་ཆེན་མོ་ལྔའི”གཙོ་རྒོལ་ཁ་ཕྱོགས་ལ་དམིགས་སུ་གཏད་དེ། གནད་འཁེལ་དབུལ་ཐར་འགག་སྒྲོལ་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དང་གྲོས་མོལ་སྲིད་གླེང་གི་དངོས་འབྲས། དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས། འགན་སྒྲུབ་ནུས་པའི་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འབུལ། ཁྱོན་ཡོངས་ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་བའི་ཀན་ལྷོའི་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་ཞིང་། རང་ཁུལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་མངོན་འགྱུར་ཡོང་བར་བྱས་རྗེས་གསར་བ་འཇོག་པ་དང་། གྲུབ་འབྲས་གཡུར་དུ་ཟ་བའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར70ལོན་པར་མདུན་བསུ་ཞུ་དགོས།

གཅིག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་དོན་འཁྱོལ་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་ཧུར་བརྩོན་གྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

གཉིས་སུ་ཁུལ་ཡོངས་ཀྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་བྱེད་པའི་དམིགས་འབེན་ལས་འགན་ལ་དམིགས་པ་ཏེ། ཞབས་ཞུ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་རང་འགན་གཙང་སྒྲུབ་བྱ་དགོས།

གསུམ་དུ་དམངས་གཙོའི་གྲོས་མོལ་རྒྱ་ཁྱབ་རིམ་མང་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དམངས་གཙོའི་ལྟ་སྐུལ་གྱི་ཕན་འབྲས་དངོས་ལ་ཤུགས་སྣོན་བྱ་དགོས།

བཞི་རུ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་བའི་རེ་སྨོན་ལ་ལྷག་བསམ་ཟོལ་མེད་ཀྱིས་དོ་སྣང་བྱས་ཏེ། དམངས་འཚོའི་བྱ་གཞག་འཕེལ་རྒྱས་མགྱོགས་པོར་ཡོང་བར་སྐུལ་འདེད་གཏོང་དགོས།

ལྔ་རུ་དགེ་མཚན་འདོན་སྤེལ་བྱས་ཏེ་མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་མཐོ་རུ་བཏང་སྟེ། བཅོས་སྒྱུར་གོང་སྤེལ་དང་འཕེལ་རྒྱས་བརྟན་ལྷིང་བཅས་ཀྱི་དྲང་ནུས་ཡོངས་ཁྱབ་ཏུ་གོང་བུར་བསྒྲིལ་དགོས།

དྲུག་ཏུ་ཁྱོན་ཡོངས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཚན་རིག་གི་འགན་འཁྲིའི་ནུས་པ་མཐོར་འདེགས་བཏང་ནས། སྲིད་གྲོས་བྱ་བའི་རྣམ་པ་གསར་བ་སྐྲུན་པར་ནུས་ཤུགས་གང་ཡོད་འདོན་དགོས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞུས་ལིན་གྱིས་སྲིད་གྲོས་ཀན་ལྷོ་ཁུལ་གྱི་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

2018ལོར། ཁྱོན་བསྡོམས་གྲོས་གཞི223བཏོན་ཡོད་ལ། དེ་རུ་གྱོད་གཞི་ཐོ་འགོད་ཞིབ་བཤེར་གྲངས218ཟིན། གྱོད་དོན་ཐོ་འགོད་ཚད99%ཟིན། དེའི་ཁྲོད་དུ་གྱོད་གཞི་ཐོ་འགོད་བྱས་པའི་གྲོས་གཞི3ཡོད་ལ། གྱོད་དོན་ཐོ་འགོད་མ་བྱས་པ2བཅས་ཡོད། ཐོ་འགོད་བྱས་པའི་གྲོས་གཞི་རིམ་པར་ཁུལ་ཐད་གཏོགས་སྡེ་ཚན34དང་། ལས་ཁུངས6དང་རྫོང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བ་ཡིན། ཚང་མ་སྒྲུབ་གཉེར་བྱས་ཟིན། །                                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།