ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་གཙོས་སུ་གཟབ་རྒྱས་ངང་ཚོགས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

640.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས15ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་མང་ཚོགས་ཀྱིས་དོ་སྣང་དང་ཐུགས་ཁུར་བྱེད་བཞིན་པའི་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཐེངས་འདིའི་ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི254ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི231ཡོད་པས།  ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

དད.jpg

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཨན་ཅིན་ལུང་གིས་ཚོགས་ཆེན་གྱི་གཙོ་འགན་ཁུར། ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་།  ཀྲའོ་ལིན་ཡུན།  ཞུས་ཆང་།  བཀྲ་ཤིས་འཚོ། ཧོ་མོའུ་པའོ།  ཧྲི་ཡོན་ཧྥུན།  ཚེ་རིང་དོན་གྲུབ།  ལི་རུའེ་ཕིན།  དབྱང་ཅན་གོ  ལིའང་མིང་ཀོང་།  དབྱང་ཀྲི་ཚའེ།  དབྱང་ཁྲང་ཏེ།  ཏུང་ཡན་ཆིན་བཅས་ཡིན།

ད.jpg

ཀྲུའུ་ཞི་སྟེགས་བུར་བཞུགས་མཁན་ད་དུང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཡོན་ཞིན་ཧོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧོའུ་ཞའོ་ཧྥུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུན། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས་དང་ཧྲི་ཀྲན་ལིའང་། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པའམ་ཁུལ་གོང་འཕེལ་དང་བཅོས་སྒྱུར་ཨུའི་ཀྲུའུ་རེན་ཝང་ཅན་ཅུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ནན་དང་ཀྲའོ་ཧུང་ཚའེ། དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞུས་ལིན། ཏུང་ཀྲིན་གོ  རྨིན་ཀྲན་པིའོ། སྒྲོལ་མ་སྐྱབས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཡོད།

ཐེངས་འདིའི་གྲོས་ཚོགས་སུ་ད་དུང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྔར་གྱི་ཀྲུའུ་རེན་གཞོན་པ་ལི་ཧྲིན་ཀྲི་གདན་དྲངས་ཏེ་ཚོགས་ཆེན་དུ་ཟུར་ཞུགས་བྱས་ཤིང་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚང་མ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག་གི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་རྫོང་དང་གྲོང་ཁྱེར་སོ་སོའི་ལྟ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་ཁྲིམས་ཁང་གི་འགོ་གཙོ། མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།

ངང.jpg

ཐེངས་འདིའི་གྲོས་ཚོགས་ཀྱིས་ད་དུང་གཙོས་གྲོང་ཁྱེར་གྱི་བཟོ་བ་དང་བུད་མེད། གུང་གཞོན་ཚོགས་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འཐུས་ཚབ་དང་། གཙོས་གྲོང་ཁྱེར་གྱི་སྲང་ལམ་དང་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་འཐུས་ཚབ། ཁུལ་སྨན་བཅོས་དང་སྨན་ལས་ཨུ་དང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། ལས་བྱེད་པའི་འཐུས་ཚབ་བཅས་གདན་དྲངས་ཏེ་གྲོས་ཚོགས་ལ་ཉན་དུ་བཅུག

སྔ་དྲོའི་ཆུ་ཚོད9ཡི་སྟེང་དུ། ཨན་ཅིན་ལུང་གིས་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ཤིང་རྔམ་བརྗིད་ལྡན་པའི་རྒྱལ་གླུས་ཚོགས་རའི་བར་སྣང་ཡོངས་སུ་ཁེངས་ཤིང་ཚོགས་ཆེན་དངོས་སུ་འགོ་བརྩམས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་ཆེན་ལསྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ། ཁོས་ཕུལ་བའི་སྙན་ཞུའི་ནང་དོན་ཁག་གསུམ་དུ་བགོས་ཡོད་དེ། གཅིག་ནི2018ལོའི་བྱ་བའི་ཕྱོགས་བསྡོམས་དང་། གཉིས་ནི2019ལོའི་དམིགས་འབེན་གཙོ་བོ་དང་ལས་དོན་གལ་ཆེན། གསུམ་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དེ་ཡིན།

་་.jpg

ཀྲའོ་ལིན་ཡུན་གྱིས་སྙན་ཞུ་ཕུལ་བའི་ཁྲོད་བཤད་པར། 2018ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང“ཤུགས་འདོན་བརྒྱད”ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱས་ནས། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་ལྟར། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ཀྱིས་གཙོ་གནད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་ཤུགས་སྣོན་དང་ལྗང་མདོག་གི་འཕེལ་རྒྱས་སྐུལ་འདེད། གསར་གཏོད་ཀྱི་སྒུལ་ཤུགས་ལག་བསྟར། བཅོས་སྒྱུར་གཏིང་ཟབ་རྒྱུན་འཁྱོངས། དམངས་འཚོ་ལེགས་བཅོས་ཇེ་མགྱོགས། སྤྱི་ཁོག་གི་བརྟན་འཇགས་སྲུང་སྐྱོང་བཅས་ཀྱི་སྒོ་ནས། ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་ཚོགས་ཆེན་ཐེངས་གཉིས་པས་གཏན་ཁེལ་བྱས་པའི་དམིགས་འབེན་འོས་འགན་ཅུང་ལེགས་པར་གྲུབ་ཡོད་ལ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་བགྲོད་ལམ་སྟེང་གོམ་པ་བརྟན་པོ་ཞིག་སྤོས་ཡོད།

ཏཏ.jpg

ཆཆ.jpg

ཀྲའོ་ལིན་ཡུན་གྱིས་བཤད་པར། 2019ལོ་ནི་ཀྲུང་གོ་གསར་བ་ཚུགས་ནས་ལོ་འཁོར90ལོན་པའི་ལོ་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་ལ་རྒྱལ་ཁ་རྟིང་ལོན་བྱེད་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་གྱི་གནད་འགག་གི་ལོ་ཡང་ཡིན། ད་ལོའི་བྱ་བ་ལེགས་བསྒྲུབ་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་འགག་སྒྲོལ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་གལ་འགངས་ཧ་ཅང་ཆེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་དུ་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་རླབས་ཆེ་བའི་ཕུགས་འདུན་གྱི་རི་མོ་བྲིས་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ཚོགས་ཆེན་གྱིས་རླབས་ཆེ་བའི་འགྱུར་བཅོས་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པས་རིགས་སོ་སོའི་མི་དམངས་ཀྱིས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་མདུན་དུ་སྐུལ་བར་འགྱུར་མེད་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེན་པོ་རྒྱས་པར་གྱུར། གཅིག་ཏུ་གནད་ཁེལ་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་ལེགས་སྒྱུར་བཟང་བཅོས་ཐད་ཤུགས་བཏོན་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་དགོས། གཉིས་སུ། གཅིག་གྱུར་མཉམ་འདྲེས་རྒྱུན་འཁྱོངས་བྱེད་པ་དང་སྤྱིའི་བླང་བྱ་ལ་དམིགས་པ་གཏད་དེ་ཞིང་སྡེ་དར་སྤེལ་གཏིང་ཟབ་ཏུ་སྤེལ་དགོས། གསུམ་དུ་དམིགས་བསལ་ཅན་སྲུང་སྐྱོབ་རྒྱུན་འཁྱོངས་དང་སྐྱེ་ཁམས་ཀྱི་དམར་ཐིག་བརྟན་སྲུང་བྱས་ནས་སྐྱེ་ཁམས་འཛུགས་སྐྱོང་གི་གོམས་སྟབས་ཇེ་མགྱོགས་སུ་གཏོང་དགོས། བཞི་རུ་སྣེ་མང་ཐོད་བརྒལ་ལ་རྒྱུན་འཁྱོངས་བྱས་ཤིང་། ཐོན་ལས་མཉམ་འདྲེས་ལ་སྐུལ་སྤེལ་བཏང་ནས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱ་ཆེ་རུ་གཏོང་རྒྱུ། ལྔ་རུ་ལས་གཞིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་ཞིང་སྡེའི་ཆ་རྐྱེན་ལེགས་བཅོས་གཏོང་རྒྱུ། དྲུག་ཏུ་བཅོས་སྒྱུར་དང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཁྱོན་རྒྱ་ཆེ་རུ་བཏང་སྟེ་ནུས་ཆོད་ཡོད་པའི་སྒོ་ནས་གསོན་ཤུགས་དང་སྒུལ་ཤུགས་གོང་འཕེལ་དུ་གཏོང་རྒྱུ། བདུན་དུ་དམངས་ཕན་དམངས་བདེ་ལ་རྒྱུན་འཁྱོངས་དང་སྤྱི་བའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས། དམངས་འཚོའི་འགན་སྲུང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ། བརྒྱད་དུ་མཐའ་ཚད་བསམ་བློ་རྒྱུན་འཁྱོངས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། འཆམ་མཐུན་གཏན་འཇགས་ཤུགས་ཆེན་པོས་སྲུང་སྐྱོང་བྱ་དགོས། 

ཏཏཏ.jpg

ཏམ.jpg

ཀྲའོ་ལིན་ཡུན་གྱིས་བཤད་པར། 2019ལོའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་སུ་ལེགས་འགྲུབ་བྱེད་པར། སྲིད་གཞུང་གི་བྱ་བར་བླང་བྱ་སྔར་བས་མཐོ་ཞིང་གསར་བ་བཏོན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ཏེ། རྩ་ཁྲིམས་ལྟར་དུ་སྲིད་དོན་སྐྱོང་བ་དང་ཁྲིམས་ལུགས་ལྟར་དུ་སྲིད་འཛིན་བྱས་ནས། ཁྲིམས་སྐྱོང་གི་སྲིད་གཞུང་དང་གསར་གཏོད་ཀྱི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་། ཞབས་ཞུའི་སྲིད་གཞུང་བཅས་ཧུར་ཐག་གིས་འཛུགས་དགོས་པ་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་ཁུར་ལྗིད་མོ་ཕྲག་ན་ཡོད་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དགོས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ་ཐོག་མའི་ཕུགས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གསར་གཏོད་སྲོལ་འབྱེད་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་རྟིང་ལོན་བྱས་ཏེ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བཅངས་པ་མངོན་འགྱུར་ཡོང་བར་འབད་བརྩོན་ལྷོད་མེད་བྱ་དགོས།

ཏེང.jpg

མེཔམ.jpg

ཚོགས་ཆེན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ(ཡིག་ཐོག)དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2019ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ(ཡིག་ཐོག)བཅས་ལ་གྲོས་ཞིབ་བྱས། 

རར.jpg

རརཏ.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།