ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2019-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཐེ་བོ་རྫོང་གིས“གྲོས་ཚོགས་གཉིས”ཚོགས་པ་དང་། གྲོས་ཚོགས་ལས2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས།

གྲོས་ཚོགས་ལས་བསྟན་དོན། 2019ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་ཚད་ནི་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར4.5%ཡས་མས་སུ་འཕར་སྣོན་བྱུང་རྒྱུ་དེ་ཡིན་ལ། དེའི་ཁྲོད་ཀྱི་ཐོན་ལས་དང་བོ་དང་ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་སོ་སོ2%དང4%དང5%ཡས་མས་སུ་འཕར་སྣོན་འབྱུང་རྒྱུ། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར17.5འཇོག་པ་དང་། སྒོར་ཁྲི་ཡི་ཐོན་སྐྱེད་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དེས་ཞིང་ཆེན་དང་ཁུལ་ནས་སྤྲད་པའི་དམིགས་ཚད་དང་བླང་བྱ་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར8%ཡས་མས་སུ་འཕར་དུ་འཇུག་རྒྱུ་དང་། རྫོང་རིམ་པའི་སྤྱི་བའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་ཁྲི8621ལེགས་འགྲུབ་འབྱུང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ7%ཡས་མས་སུ་འཕར་དུ་འཇུག་རྒྱུ། རོང་འབྲོག་སྡེའི་སྡོད་དམངས་ཀྱི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ8%ཡས་མས་སུ་འཕར་དུ་འཇུག་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་གནས་གཅིག་འཕར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཤོར་ཚད4%ནང་དུ་ཚོད་འཛིན་བྱ་རྒྱུ་དང་། སྡོད་དམངས་ཀྱི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས3%ནང་དུ་ཚོད་འཛིན་བྱ་རྒྱུ། ཚོད་འཛིན་གྱི་རང་བཞིན་ལྡན་པའི་ཚད་གཞི་སོ་སོ་ཁུལ་སྲིད་གཞུང་གི་འཆར་གཞི་ལྟར་ཚོད་འཛིན་བྱ་རྒྱུ་རེད།  །    

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།