ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་བོད་རིགས་གྲོང་ཚོའི་མི་ཁྲིའི་སྐོར་བྲོ་ལས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༢.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019 ལོ་འགོ་ཚུགས་མ་ཐག་རི་བོ་ཆི་ལེན་འདབས་གྱི་ཀན་སུའུ་ཝུའུ་ཝེ་གྲོང་ཁྱེར་གྱི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས“ སྤྲོ་སྣང་ལྡན་པའི་བོད་རིགས་གྲོང་ཚོ་། ཞི་མཐུན་ལྡན་པའི་དཔའ་རིས”ཞེས་པའི་མི་ཁྲིའི་སྐོར་བྲོའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། ཡུལ་དངོས་ཀྱི་མི་ཁྲི་ལས་བརྒལ་བའི་མང་ཚོགས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རོལ་དབྱངས་དང་བསྟུན་ནས་འཁྲབ་སྟོན་བྱས་པ་དང་།  མཛེས་སྡུག་ལྡན་པའི་གར་སྟབས་ལ་བརྟེན་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མ་ལུས་མངོན་པར་བྱས། 

༤.jpg

ཉེ་བའི་ལོ་ཤས་རིང་། དཔའ་རིས་རྫོང་གིས་སྔ་རྗེས་སུ“རྒོད་སེམས་ལྡན་པའི་རི་བོ་ཆི་ལེན”ཞེས་པའི་བྱེས་བགྲོད་རྒྱུག་ཤར་གྱི་རིམ་སྤེལ་འགྲན་བསྡུར་དང་། རྩྭ་ཐང་གི་སྐོར་བྲོའི་འགྲན་བསྡུར་ཆེན་མོ། “ ཟླ་གཉིས་པའི་ཚེས་གཉིས”དང“ཟླ་དྲུག་པའི་ཚེས་དྲུག” གི་སྲོལ་རྒྱུན་རྟ་རྒྱུག་འདུ་ཚོགས། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱུག་ཤར་སོགས་ཀྱི་རིག་གནས་ལུས་རྩལ་འགྲན་བསྡུར་བྱེད་སྒོ་རིགས་སྣ་ཚོགས་སྤེལ་བས། རྫོང་ཡོངས་ཀྱི་རིག་གནས་ལུས་རྩལ་ཐོན་ལས་ལས་རྣམ་པ་བཟང་པོ་མངོན་བཞིན་ཡོད་པ་རེད། 

༣.jpg

༥.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།