ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་ཉེན་རྟོག་པས་ཞིང་བ་ལས་མིའི་ཟླ་ཕོགས་འདེད་ལེན་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ནས་བཟུང་།  གཙོས་གྲོང་ཁྱེར་མི་དོན་ཅུས་ཀྱིས་སྔ་གཞུག་ཏུ་གཙོས་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཁྲིམས་ལྟར་ངལ་རྩོལ་གྱི་ཐོབ་ཆ་མི་སྤྲོད་པའི་དོགས་ཡོད་ཉེས་གསོག་གི་གྱོད་གཞི་ཁག 8རྩིས་སྤྲོད་བྱས།  བདག་སྤྲོད་བྱས་རྗེས།  སྤྱི་བདེ་ཅུས་ཀྱིས་ཨར་ལས་སྡེ་ཚན་དང་ཞིང་བ་ལས་མིའི་ཟླ་ཕོགས་འགྱངས་ཆད་བྱེད་པའི་གྱོད་གཞིའི་རྙོག་འཛིང་ཡིན་པའི་གནས་ཚུལ་ལ་གཞིགས་ནས།  གྱོད་གཞི་རེ་རེ་བཞིན་འཆར་གཞི་བཟོས་པ་དང་གྱོད་གཞི་རེ་རེ་བཞིན་བྱ་ཐབས་དོན་འཁྱོལ་བྱས་ནས།  སྔ་གཞུག་ཏུ་གྱོད་གཞི 4ཐག་གིས་བཅད་པ་དང་གྱོད་གཞི2གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱས་པ་དང་གྱོད་དོན 2ལ་གྱོད་གཞི་ཁྲིད་སྟོན་གྱི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱས།

མིག་སྔར་ཐུག་བར་དུ། གཙོས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རིམ་བསགས་ཀྱིས་བརྩིས་ན་ཞིང་བ་ལས་མིའི་ཟླ་ཕོགས་སྒོར་ཁྲི956.32འདེད་ལེན་བྱས་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ཞིང་བ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།