ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་ཡུལ་ནད་ཕོག་མཁན་གྱིས་བདེ་ཐང་དབུལ་སྐྱོར་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་ནད་ཕོག་མཁན་གྱི་སྨན་རིན་ཁུར་པོ་ཡང་དུ་གཏོང་ཆེད། ཀན་སུའུ་ཞིང་ཆེན་གྱིས་ཡུལ་ནད་ཕོག་པའི་ནད་པས་སྒོ་བསྟེན་སྨན་ཁང་དང་ཞག་སྡོད་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུ་བྱེད་སྐབས། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ལྕིའི་འགན་བཅོལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པའི་གཏན་འབེབས་བྱས་པ་རེད།

གཏན་འབེབས་གཞིར་བཟུང་། རྫོང་རིམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིས་ཚད་གཞི་ལྟར། འགན་བཅོལ་ནང་ཞུགས་པའི་ཡུལ་ནད་ཕོག་མཁན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ནས་ཡུལ་ནད་སྨན་བཅོས་བྱས་པའི་སྨན་རིན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ལྟར་རྩིས་ཞུ་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་ཡུལ་ནད་ཕོག་པའི་ནད་པའི་སྨན་རིན་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ལྕིའི་འགན་བཅོལ་ནས་རྩིས་ཞུ་བྱས་རྗེས། སྒེར་གྱིས་བཏོན་པའི་ལུགས་མཐུན་སྨན་རིན་དེ་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དཀའ་ངལ་ཤིན་ཏུ་ཆེ་བའི་འཚོ་སྐྱོང་མི་སྣར80%དང90%ལས་མི་དམའ་བའི་བསྡུར་ཚད་གཞིར་བཟུང་རོགས་སྐྱོར་བྱ་རྒྱུ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྨན་རིན་ལོར་རིམ་རྩིས་བྱས་ན་སྒོར3000ལས་བརྒལ་བའི་ཆ་ཤས་དམངས་སྲིད་སྡེ་ཚན་གྱིས་སྨན་བཅོས་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས་ཚང་མ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།