ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་གོང་འཕེལ་གྱི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་རིག་གནས་ཡུལ་སྐོར་གོང་འཕེལ་གྱི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་གྲོས་ཚོགས་བསྡུས་ཏེ། 《ཀན་ལྷོ་ཁུལ་གྱི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》དང《འགོ་ནང་ཐང་མཛེས་ལྗོངས་ཁུལ་ཆེན་མོའི་སྤྱིའི་ཐ་སྙད་དང་དུས་མཚམས་གལ་ཆེན་གྱི་འཆར་འགོད》ཆེད་དོན་ཞིབ་འཇུག་དང་གཏན་འབེབས་བྱས། ཡུས་ཁྲིན་ཧུའེ་ཡིས་ས་མཐོ་སར་འཛེགས་ན་མིག་རྒྱང་རིང་ལ། སྐད་ཆ་གནད་འཁེལ་པོ་བཤད་པ་དང་གཞན་དཔེ་རང་སྟོན་གྱིས་བརྩེ་སེམས་ཆེན་པོ་བཅངས་ནས། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་དེ་ལོ་རྒྱུས་དང་ལག་ལེན་ཉམས་བཤེར་ཐེག་ཐུབ་པའི་བརྩམས་ཆོས་གྲགས་ཅན་ཞིག་ཏུ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཀན་ལྷོ་ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་ལིའང་མིང་ཀོང་། ཧྲི་ཀྲན་ལིའང་། ཝང་ཅན་ཅུན་བཅས་གྲོས་ཚོགས་སུ་ཞུགས།

འཆར་གཞི་བཟོ་འགོད་སྡེ་ཚན་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་རྗེས། ཡུས་ཁྲིན་ཧུའེ་ཡིས་མཐོ་ས་ནས་ལག་བསྟར་ཇུས་འགོད་དང་ཕྱོགས་ཆེན་པོའི་གཉེར་སྐྱོང་དང་བརྩེ་སེམས་ངོ་མས་ཇུས་འགོད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་དར་རྒྱས་གཏོང་བའི་སྐོར་གྱི་མཐའ་དཔྱོད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྲིད་ཇུས་ཕྱོགས་སྟོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་དོ་སྣང་བྱེད་པ། ཀན་ལྷོའི་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱེད་པ། ཁོངས་ཡོངས་ཡུལ་སྐོར་གྱི་འདེགས་སྐྱོར་མ་ལག་གཙོ་གནད་འབུར་དུ་ཐོན་པ། དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཀྱི་སྣང་བརྙན་གཏོད་པ། མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་བཀོད་སྒྲིག་ནན་ཏན་གྱིས་བཀོད་སྒྲིག་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ཕུགས་འདུན་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དེ་ལོ་རྒྱུས་དང་ལག་ལེན་ཉམས་བཤེར་ཐེག་ཐུབ་པའི་བརྩམས་ཆོས་གྲགས་ཅན་ཞིག་ཏུ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཡུས་ཁྲིན་ཧུའེ་ཡིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པས་ཐུན་མོང་དུ་འབད་བརྩོན་བྱས་ཏེ། “བལྟོས་བཅས་ཀྱིས་གཅིག་བསྡུས་དང་རྗེས་འདེད་ཟབ་མོ་བྱེད་པའི”རིག་ལམ་ལྟར། ལས་འགན་གཙོ་བོར་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་དགོས་པ་དང། འགོ་ནང་ཐང་གྲོང་རྡལ་གྱི་ཞིང་བའི་སྤྲོ་སྐྱིད་ཁང་གི་རིམ་སྤོར་སྒྱུར་བཀོད་ལས་གྲྭ་དེ་ཉིན་རེའི་གྲོས་རིམ་ནང་དུ་བཅུག་ནས་སྤུས་ཀ་དང་རིམ་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས་ལ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། གཙོ་བོ་མའོ་ཧྭ་ཧྲན་དང་ཁྲི་ཀུའུ་སོགས་ཀྱི“མེ་ཏོག་གི་མཚོ་མོ”འཛུགས་སྐྲུན་བྱས་ཏེ། ལྗོངས་ཁུལ་ཆེན་པོ་དང་མཛེས་ལྗོངས་ཆེན་པོ་ཕན་ཚུན་སྤེལ་རེས་བྱ་དགོས། ས་ཁོངས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་མཚོན་པར་དོ་སྣང་བྱས་ཏེ། ལྗོངས་གཟིགས་སྟེགས་བུ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཤིང་། ཁང་ཐོག་འགག་གི་བགྲོད་ལམ་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་གཙོས་ནས་འགོ་ནང་ཐང་བར་གྱི་ཚོན་མདོག་སྣ་ལྔའི་དར་ལྕོག་ཕུག་ལམ་ཇེ་རིང་དུ་བསྲིངས་དགོས་ལ། ཕུག་ལམ་ལམ་རྒྱུད་ཀྱི་སྤང་ཤུན་སླར་གསོའི་ནུས་པ་དང་བཀོད་སྒྲིག་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་མ་ཟད། ཡུལ་སྐོར་སྤྱོད་ཁང་གི་འཛུགས་སྐྲུན་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།