ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་གསར་བ2ཁ་སྣོན་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་དང་ཚོང་རྟགས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རེ་ཞུ་བྱས་པའི“ཀན་ལྷོའི་སུལ་ཤ”རིགས29(སུལ་ཤ་སྐམ་པོ)དང“ཀན་ལྷོའི་སུལ་ཤ”རིགས31(སུལ་ཤ་གསར་བ)གཉིས་ཀྱི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་ཐོ་འགོད་བྱ་ཐུབ་སོང་། བསྡོམས་པས་ཚོང་རྟགས10ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་ཀྱི11.8%ཟིན་ཡོད།

ཚོང་རྟགས་ཀྱིས་ཁུལ་དར་བའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ཚོང་རྟགས་གསོ་སྐྱོང་དང་ཐོ་འགོད། སྲུང་སྐྱོབ་བཅས་བྱས་ཏེ། དམིགས་བསལ་གྱི་ཐོན་ཁུངས་བཟང་ཆ་སྔོག་འདོན་བྱས་ནས་ཀན་ལྷོའི་རང་གི་དངོས་རྫས་གསར་གཏོད་དང་། སྔར་ལས་ལྷག་པར་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད། དབུལ་ཐར་ཕྱུག་འགྱུར་གྱི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ། ཚོང་རྟགས་ཐོ་འགོད་གྲངས་ཚད་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཕན་ཚུན་སྤེལ་རེས་བྱས་པ་མངོན་འགྱུར་བྱུང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།