ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ བྱ་བའི་མཐའ་དཔྱོད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་གསོ་སྦྱོང་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་མཐའ་དཔྱོད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་གསོ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འཐབ་ཕྱོགས་གཅིག་གྱུར་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་ཀྲུའུ་རེན་གཞོན་པའམ་སློབ་དཔོན་ཆེན་མོ་སུན་ཞིན་གདན་དྲངས་ནས་འཆད་ཁྲིད་སྤེལ།

ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་ཧའོ་ཅུའེ་རྨིན། ཚེ་རིང་དོན་གྲུབ། དབྱང་ཁྲང་ཏེ། དེ་མིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་འཆད་ཁྲིད་ལ་ཞུགས།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མས་ཚོགས་འདུའི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐའ་དཔྱོད་གལ་ཆེན་ལ་སློབ་སྦྱོང་མཐའ་འཁྱོངས་བྱེད་པ་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་དང་འབྲེལ་བའི་བྱ་བའི་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་བྱེད་པའི་ཐད་དུ་དབྱང་སྒྲོལ་མས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་“འདུ་ཤེས་བཞི”བརྟན་པོར་བཙུགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མཐའ་དཔྱོད་གལ་ཆེན་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་འཛིན་པ་དང་། དོན་དངོས་ལ་འབྲེལ་ནས་སློབ་སྦྱོང་བྱེད་པ་དང་བསམ་གཞིགས་སྒོས་སློབ་སྦྱོང་བྱེད་པ། མུ་མཐུན་དུ་རྗེས་སུ་དེད་ནས་སློབ་སྦྱོང་བྱ་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་མཐོང་ཆེན་དམ་པོར་བྱས་ནས་ནན་ཏན་སྒོས་འགན་ཁུར་བ་དང་པོའི་འགན་འཁྲི་དང་ལེན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་དྲིལ་བསྒྲགས། དོན་འཁྱོལ་མཐར་ཕྱིན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་འགུལ་གལ་ཆེན་ཁྲོད་དུ་ཞུགས་པ། ཏང་གི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་དང་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་སྔར་ལས་མཐོར་འདེགས་སུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱེད་པ། ལས་སྒོས་མཉམ་ལས་ལེགས་པོ་བྱས་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གི་བཀོད་སྒྲིག་བྱས་པའི་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་ཕྱོགས་བསྡུས་སྟོབས་ཤུགས་ཤིག་ཆགས་དགོས་པའི་བླང་བྱ་བཏོན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།