ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས“མི་གཅིག་ཇུས་གཅིག”གི་བདེ་ཐང་དབུལ་སྐྱོར་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུའི་ཧྥུན་ཏས་དང་ཏ་ཁྲོན། གོང་སྨད་སོགས་ས་གནས་གསུམ་ནས་སོ་སོ་“མི་གཅིག་ཇུས་གཅིག་”གི་བདེ་ཐང་དབུལ་སྐྱོར་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་འདེད་གྲོས་ཚོགས་ཚོགས། 

ལྟ་སྦྱོང་ཚོགས་པ་འཁོར་དང་བཅས་པས་དཔྱད་ཡིག་ཞིབ་ཀློག་དང་ཡུལ་དངོས་ལྟ་ཞིབ། ཁྱིམ་དུ་སོང་སྟེ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་གི་དོ་དམ། སྲོག་སྐྱོབ་སྨན་བཅོས། “སྔོན་ལ་ནད་བརྟག་སྨན་བཅོས་བྱས་ཤིང་རྗེས་སུ་སྨན་རིན་སྟེར་བ།”དང“གཅིག་འཐུས་རྣམ་པ”སྐབས་འཕྲལ་དུ་རྩིས་ཞུ་བྱེད་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་སོགས་ཞིབ་ཕྲའི་སྒོ་ནས་རྒྱུས་ལོན་བྱས། ཞིང་བའི་ཁྱིམ་དུ་སོང་སྟེ་ཁྱིམ་ཚང་གི་སྨན་པའི་གན་རྒྱ་བཞག་པའི་ཞབས་ཞུའི་གནས་ཚུལ་དང“ཤེས་པ་བདུན” “མི་གཅིག་ཇུས་གཅིག”གི་རོགས་སྐྱོར་བྱ་ཐབས་ཀྱི་སྒྲིག་བཀོད་དང“ཁྱིམ་གཅིག་ཇུས་གཅིག”གི་བདེ་ཐང་དབུལ་སྐྱོར་བྱ་ཐབས་ཀྱི་འབྲེལ་མཐུད། འགྱངས་ནད་དཔང་ཡིག་སྒྲུབ་པ། ལུགས་མཐུན་འགྲོ་གྲོན་རྩིས་ཞུ་བྱེད་པ་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱས། 

སྐུལ་འདེད་ཚོགས་འདུས་ཤང་གྲོང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ། ནད་གཞི་ལྕི་མོ་གཅིག་བསྡུ་སྒོས་བཅོས་སྐྱོབ་བྱེད་པ། “གཅིག་འཐུས་རྣམ་པའི”རྩིས་ཞུ། བདེ་ཐང་དབུལ་སྐྱོར་སྲིད་ཇུས་ཁྱབ་བསྒྲགས་སོགས་ཀྱི་བྱ་བ་གལ་ཆེན་ནན་འཛིན་བྱ་དགོས་ལ། ཕྱོགས་ཡོངས་ནས་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་ལག་བསྟར་བྱེད་པ་དང་བདེ་ཐང་དབུལ་སྐྱོར་བྱ་བའི་སྐུལ་འདེད་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དང་འཕེལ་རྒྱས་ཆེན་པོ་ཡོད་པར་བྱས་ནས། ཟླ་བ་རེའི་བརྡ་ཁྱབ་ལམ་ལུགས་བཙུགས་ཏེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ་བརྡ་ཁྱབ་བཏང་སྟེ། ལྟ་སྐུལ་ཞིབ་བཤེར་བྱེད་པའི་མཇུག་འབྲས་གཞིར་བཟུང་སྟེ་སྐྱོན་བརྗོད་བྱེད་པ་དང་ཁ་ཆད་གླེང་མོལ། འགན་འཁྲི་རྩད་གཅོད་སོགས་བྱ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།