ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གི“ལྟ་སྐུལ་ཞིབ་བཤེར་གཅིག་ལ་བརྡ་ཁྱབ་གཅིག”གིས་དབུལ་སྐྱོར་མཁྲེགས་གཏོར་ལ་རམ་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་སྒྲིག་ཨུ་དང་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ། རྫོང་ཐད་གཏོགས་སྡེ་ཁག་གི་ལས་ཁུངས་དག་ལ“དངུལ་རྭ་ཤང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱ་བ་སྤེལ་བའི་འཕེལ་རིམ་གནས་ཚུལ་གྱི་ལྟ་ཞིབ་བརྡ་ཁྱབ”ཅེས་པའི་ལྟ་སྐུལ་ཞིབ་བཤེར་གྱི་བརྡ་ཁྱབ་ཚར་གཅིག་བཀྲམ་པ་རེད།    

ད་ལོ་ནི་རྨ་ཆུ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཞྭ་མོ་ཕུད་པའི་ལོ་ཡིན་པས། རྫོང་སྒྲིག་ཨུ་དང་ལྟ་བཤེར་ཨུ་ཡོན་ལྷན་ཁང་གིས་སྔར་བས་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། སྔར་ལས་ལྷག་པར་དུ་དབུལ་སྐྱོར་ཁྱབ་ཁོངས་གཅིག་སྡུད་བྱས་ཏེ། 《རྨ་ཆུ་རྫོང་གི2018ལོའི་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱ་བའི་ཇུས་གཞི》གཏན་འབེབས་བྱས་ཤིང་། ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ནང་དོན་ཟུར་དུ་བཀོད་དེ། རྫོང་སྒྲིག་ཨུའི་ཧྲུའུ་ཅི་ཡིས་སྣེ་ཁྲིད་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ9ལ་ཡོངས་ཁྱབ་རྣམ་ཏུ་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་དང་། “ལྟ་སྐུལ་ཞིབ་བཤེར་གཅིག་ལ་བརྡ་ཁྱབ་གཅིག”གི་ལམ་ལུགས་གཏན་འབེབས་བྱས་པས། རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་འདོན་སྤྲོད་བྱས།    

ལྟ་སྐུལ་ཞིབ་བཤེར་བྱེད་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱེད་པ་གནད་ལ་འཁེལ་བ་ཁག་ཐེག་བྱ་ཆེད། རྫོང་སྒྲིག་ཨུས་ལྟ་སྐུལ་ཞིབ་བཤེར་གཅིག་ལ་བརྡ་ཁྱབ་གཅིག་གི་བྱ་བའི་བྱ་ཐབས་བཙུགས་ཏེ། ཐེངས་རེའི་ལྟ་སྐུལ་ཞིབ་བཤེར་གྱི་བྱ་བ་མཇུག་སྒྲིལ་རྗེས། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་གྱི་བརྡ་ཁྱབ་བཀྲམ་ནས་དག་ཐེར་ལེགས་བཅོས་བྱ་དགོས་པའི་བླང་བྱ་བཏོན་པ་དང་། དུས་མཚུངས་སུ་ཤེས་རྟོགས་བྱུང་བའི་གནད་དོན་ཚབས་ཆེན་ལ་ཆེད་དོན་ལྟ་བཤེར་སྐོར་གྱི་གྲོས་གཞིའི་ཡི་གེ་བཀྲམ་སྟེ། དུས་བཀག་ནང་དུ་དག་ཐེར་དོན་འཁྱོལ་བྱ་དགོས་པའི་བཀའ་ཕབ། མིག་སྔར་ལྟ་སྐུལ་ཞིབ་བཤེར་གྱི་བརྡ་ཁྱབ་ཐེངས 5དང་། ཆེད་དོན་ལྟ་བཤེར་སྐོར་གྱི་གྲོས་གཞིའི་ཡི་གེ་ཚར5བཀྲམ་པ་རེད། “ལྟ་སྐུལ་ཞིབ་བཤེར་གཅིག་ལ་བརྡ་ཁྱབ་གཅིག”བྱས་པ་བརྒྱུད་དེ། ཕན་ནུས་ལྡན་པའི་སྒོ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱ་བ་དག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱས།།                                                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།