ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཀ་ཤུལ་གྲོང་ཚོ་ནི་“ཚོན་མདོག་སྣ་དགུའི་ཤམ་བྷ་ལའི་”མུ་ཏིག་ཅིག་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

untitled.png

མཁའ་དབྱིངས་ནས་ཀ་ཤུལ་གྲོང་ཚོ་པར་བླངས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀ་ཤུལ་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་དུ་ཡོད། “ཚོན་མདོག་སྣ་དགུའི་ཤམ་བྷ་ལ་”ཞེས་མཚན་སྙན་གྲགས་ཆེ་བའི་ཀན་ལྷོ་ཁུལ་གྱི་མུ་ཏིག་ཅིག་ཡིན། ཀ་ཤུལ་གྲོང་ཚོ་ནི་ཀན་ལྷོ་ཁུལ་གྱི་ཁག་དང་པོའི་“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་སྟོན་གྲོང་ཚོ་”ཡིན། གྲལ་སྟར་འགྲིག་པའི་བོད་ཀྱི་གྲོང་མིའི་སྡོད་ཁང་རེ་རེ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་བོད་ལུགས་ཀྱི་སྒོ་བརྩེགས་རེ་རེ། གཙང་ཞིང་གྲལ་དག་པའི་གྲོང་གསེབ་ཀྱི་ཨར་འདམ་གྱི་སྲང་ལམ་རེ་རེ། སྟར་ལ་གྲལ་འགྲིག་པའི་སྤྲོ་གསེང་ཐང་ཆེན་རེ་རེས་བོད་ཡུལ་གྱི་རྣམ་པ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་གསོན་ཤུགས་ཆེར་མངོན་ཡོད།

༢.png

ཀ་ཤུལ་གྲོང་ཚོའི་རྩྭ་ཐང་གི་སྦྲ་གུར་གྲོང་རྡལ།

ཀ་ཤུལ་གྲོང་ཚོའི་ཡུལ་སྐོར་སྦྲ་གུར་གྲོང་ནི། ཡུལ་སྐོར་ཐོན་ཁུངས་རྒྱུ་ནོར་མ་རྐང་དུ་འཇོག་པའི་མཛེས་ལྗོངས་ཁུལ་དུ་བསྒྱུར་པ་ཡིན། གསེར་སྔོན་ཐང་གི་སྦྲ་གུར་གྲོང་དུ་ཁྱོན་བསྡོམས་གུར108ཡོད། ཁྱིམ་དུད་དབུལ་བོ་82ལ་རེ་རེ་ཡོད་པ་དང་། མ་དངུལ་སྒོར15000ཡིན། ཀ་ཤུལ་གྲོང་ཚོས་ཐུན་མོང་གི་ས་ཞིང་སྦྲ་གུར་གྱི་གྲོང་གི་མ་རྐང་དུ་བཞག  སྦྲ་གུར་གྲོང་གི་སྤྱི་པའི་སྒྲིག་བཀོད་ཚང་མ་སྲིད་གཞུང་གིས་མ་འཇོག་བྱས། མཐའ་མའི་ཁེ་འབབ་བགོ་བའི་བསྡུར་ཚད“334”སྟེ། ཐུན་མོང་མཉམ་སྡེབ་དཔལ་འབྱོར་ལ་བགོ་བྱ30%དང་། སྤྱིར་བཏང་གི་དུད་ཚང་ལ་བགོ་བྱ30%ཡིན།  དུད་ཚང་དབུལ་པོའི་བགོ་བྱ40%ཡིན།

༣.png

ཀ་ཤུལ་གྲོང་ཚོའི་གྲོང་མིས་གསར་འགོད་པར་ཞིང་ཁྱིམ་སྤྲོ་ཁང་ངོ་སྤྲོད་བྱེད་བཞིན་པ།

2017ལོར། ཀ་ཤུལ་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི30སྣེ་ལེན་ཞུས། ད་ལོའི་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི15.46སྣེ་ལེན་ཞུས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ2016ལོའི་སྒོར6700ནས2017ལོ་སྒོར9192ལ་འཕར། འཕར་ཚད30%ཡན་ཟིན།

༤.png

ཀ་ཤུལ་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ།

ཀ་ཤུལ་གྲོང་ཚོས་“རྩལ་ནུས་གསོ་སྦྱོང་།+ཏང་ཡོན་གྱིས་སྣེ་ཁྲིད།+མང་ཚོགས་ཀྱིས་ལས་ཕྱེ་བའི་”ཚོང་གཉེར་ཐབས་ཀྱིས་“ཡུལ་སྐོར།+ལྟ་སྐོར།+རོལ་རྩེད།+བཟའ་བཏུང་།+ཞག་སྡོད།+ཉོ་ཚོང་།”བཅས་གཞི་གཅིག་ཏུ་གྲུབ་པའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་བ་གྲུབ་ཡོད། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་འགྱུར། སྒོ་འབྱེད་ཐད་གོམ་སྟབས་བརྟན་པོ་སྤོས། ལྗང་མདོག་ཐོན་ལས་བསྐྱེད་སྲིང་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།

༥.png

ཀ་ཤུལ་གྲོང་གྲོང་མིས་ལྒང་ལི་རྩེད་བཞིན་པ།

༦.png

དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཀ་ཤུལ་གྲོང་ཁྱིམ་རེ་རེའི་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ།

༧.png

དྭངས་ཞིང་གཙང་བའི་ཆུ་ངོས་འཆར་བའི་ཀ་ཤུལ་གྲོང་ཚོའི་རི་ཀླུང་གི་མཛེས་ལྗོངས།

༨.png

གནམ་ས་འདྲེས་མཚམས་ཀྱི་ཀ་ཤུལ་གྲོང་ཚོའི་ཡིད་འོང་མཛེས་ལྗོངས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།