ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་ཐོ་འགོད་ཉོ་སྒྲུབ་བྱེད་པའི་སྨན་རྫས་ཚང་མ་དྲ་ཐོག་ཏུ་བཀོད་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 《ཀན་སུའུ་ཞིང་ཆེན་སྨན་རྫས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་རྫས་ཐོ་འགོད་ཉོ་སྒྲུབ་དོ་དམ་བྱེད་ཐབས》པར་སྐྲུན་འགྲེམ་སྤེལ་བྱས། 《བྱེད་ཐབས》ལས་བསྟན་དོན། ཟླ7པའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སྨན་རྫས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉོ་སྒྲུབ་བྱེད་པའི་སྨན་རྫས་ཚང་མ་དྲ་ཐོག་ནས་རེ་ཞུ་དང་ཆོག་མཆན་འགོད་པ། ཉོ་སྒྲུབ་བཅས་བྱས་ཆོག

《བྱེད་ཐབས》ཀྱིས་གསལ་བོར་བསྟན་དོན། སྨན་རྫས་ཐོ་འགོད་ཉོ་སྒྲུབ་ནི་རང་རེའི་ཞིང་ཆེན་གྱི་སྨན་རྫས་ཉོ་སྒྲུབ་བྱེད་ཐབས་ཀྱི་ནང་གི་གཅིག་ཡིན་ལ། སྨན་རྫས་ཐོ་འགོད་ཉོ་སྒྲུབ་བྱེད་པར་ཆོག་མཆན་ཐོབ་རྗེས། སྨན་རྫས་ཐོ་འགོད་རེ་ཞུའི་སྨན་བཅོས་ལས་ཁུངས་ཀྱི་རྩ་དོན་ལྟར་ངེས་པར་དུ་དྲ་ཐོག་ནས་ཉོ་སྒྲུབ་བྱ་དགོས། སྨན་རྫས་ཐོ་འགོད་ཉོ་སྒྲུབ་བྱེད་པར་ངེས་པར་དུ་ཞིང་ཆེན་རིམ་པའི་སྨན་རྫས་ཕྱོགས་བསྡུས་སྟེགས་བུ་ནས་ཐོ་འགོད་ཆོག་མཆན་དང་དྲ་ཐོག་ནས་ཉོ་སྒྲུབ་བྱ་དགོས། ཐོ་འགོད་ཉོ་སྒྲུབ་བྱ་རྒྱུའི་སྨན་རིགས་ཀྱི་ཁྱབ་ཁོངས་སུ། སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་ཀྱི་དཀར་ཆག་དང་། ཐད་ཀར་དྲ་ཐོག་ནས་ཉོ་སྒྲུབ་ཀྱི་སྨན་རིགས་དཀར་ཆག ནད་ཐོག་སྨན་བཅོས་སུ་མཁོ་བའི་མིག་སྔར་ཚབ་བྱེད་སྨན་རིགས་མེད་པའི་སྨན་རྫས་ཀྱི་དཀར་ཆག་ཏུ་བཀོད་མེད་པའི་སྨན་རྫས་སོགས་དང་། སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་དང་མངོན་གསལ་ཉོ་སྒྲུབ། ཐད་ཀར་དྲ་ཐོག་ཏུ་བཞག་པའི་སྨན་རྫས་ཀྱི་དཀར་ཆག་ཏུ་བཀོད་ཡོད་མོད། འོན་ཀྱང་། སྨན་གྱི་སྦྱོར་རིགས་དང་ཚད་གཞི་སོགས་ཀྱིས་ནད་བཅོས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་སྨན་རྫས་དང་། གནས་ཚུལ་ཁྱད་པར་བའི་སྐབས་སུ་སྨན་བཅོས་ལས་ཁུངས་ཀྱིས་བཀོལ་དགོས་པའི་སྨན་རིགས། ཚད་རིམ་ལོངས་པའི་དྲ་ཐོག་སྨན་རིགས་ཀྱིས་ནད་བཅོས་དང་ནད་བཅོས་ཁྱད་པར་བའི་དགོས་མཁོ་སྐོང་མི་ཐུབ་པའི་སྨན་རིགས། ཉོ་སྒྲུབ་ཀྱི་དུས་ཚོད་ནང་སོ་མར་ཆོག་མཆན་ཐོབ་སྟེ་ཚོང་རར་བཀྲམ་པའི་སྨན་རིགས། སྨན་གྱི་སྦྱོར་རིགས་དང་ནད་བཅོས་གནད་ཁེལ་གྱི་ཆུ་ཚད་གསར་བ་བསྣན་པའི་ནད་བཅོས་ཁྲོད་ངེས་མཁོའི་ཚབ་བྱེད་མེད་པའི་སྨན་རིགས། ཚད་རིམ་ལོངས་པའི་དྲ་ཐོག་སྨན་རིགས་ལ་དོན་རྐྱེན་ངན་པ་བྱུང་བའམ་བདེ་འཇགས་སྤུས་ཚད་ཀྱིས་མ་འདང་བར་བཀོལ་སྤྱོད་བྱེད་པ་བཀག་པ་དང་ཆ་རྐྱེན་འཛོམས་པའི་སྨན་ཚབ་མེད་པའི་སྨན་རིགས། ཚད་རིམ་ལོངས་པའི་དྲ་ཐོག་སྨན་རྫས་རྐྱེན་གང་རུང་ཞིག་གི་དབང་གིས་རྒྱུན་ལྡན་ལྟར་འདོན་སྤྲོད་འགན་ལེན་བྱེད་མི་ཐུབ་པའི་སྨན་རིགས་སམ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀོལ་བར་གོམས་དྲག་པའི་མཁོ་གལ་ཆེ་བའི་སྨན་རིགས། སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་དང་མངོན་གསལ་ཉོ་སྒྲུབ་ཀྱི་དཀར་ཆག་གི་ཁྱབ་ཁོངས་སུ་འདུས་མོད། འོན་ཀྱང་། ཁེ་ལས་ཀྱི་དམིགས་འཇོག་མེད་པ་དང་ཡང་ན་དམིགས་དོར་གྱི་སྨན་རིགས་སོགས་མེད་དོ།།

      

རྩོམ་སྒྲིག་པ། : ཀླུ་མོ་མཚོ།