ཀྲུང་གོ་བོད་ཀྱི་དྲ་བ།

​བསང་ཆུ་རྫོང་བླ་བྲང་དགོན་པས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་གྱི་ཇུས་གཞི་དང་བཀོད་སྒྲིག་ལྟར། ཐེངས་མང་པོར་ཞིབ་འཇུག་དང་རིག་པའི་ཁུངས་སྐྱེལ་བ་དང་། ཚན་རིག་སྒོས་འཆར་འགོད་བྱས་པ་མ་ཟད་རིག་གཅིག་མཁས་པ་དང་མཁས་དབང་གིས་རིག་པའི་ཁུངས་སྐྱེལ་བྱེད་པ་དང་། རྒྱ་ཁྱབ་སྒོས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ནས་མཇུག་མཐར《བསང་ཆུ་རྫོང་བླ་བྲང་དགོན་པའི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་བྱ་བའི་མཛུབ་སྟོན》དང《བསང་ཆུ་རྫོང་བླ་བྲང་དགོན་པའི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་གྱི་ལག་བསྟར་བསམ་འཆར》དང《བསང་ཆུ་རྫོང་བླ་བྲང་དགོན་པའི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་གྱི་སྡེ་ཁག་སོ་སོའི་ལས་འགན་དབྱེ་ཞིབ》སོགས་གཏན་ཁེལ་བྱས་ཤིང་། བླ་བྲང་དགོན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་དང་གོང་འཕེལ་ལ་རྨང་གཞི་བརྟན་པོ་བཏིངས།

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་ཡུལ་སྐོར་དེ་འཐབ་ཇུས་རང་བཞིན་གྱི་རྐང་འཛིན་ཐོན་ལས་སུ་གསོ་སྐྱོང་བྱས་ནས། བསང་ཆུ་རྫོང་བླ་བྲང་དགོན་པའི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པ་ལས་གྲྭ་དང་པོ་རུ་བཟུང་ནས་དོན་འཁྱོལ་བྱས། “ཁྱོན་ཡོངས་བཞིའི”ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་དང་གོང་འཕེལ་གྱི་འདུ་ཤེས་ཆེན་པོ་ལྔ་སྣེ་ཁྲིད་དུ་བཟུང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཤུགས་ཆེན་གྱི་རྒྱབ་སྐྱོར་འོག་ཏུ། བླ་བྲང་དགོན་པའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དུ་ཕྱིན། 2012ལོར་མ་དངུལ་སྒོར་དུང་ཕྱུར3.05བཏང་ནས་བླ་བྲང་དགོན་པའི་རིག་དངོས་ཞིག་གསོ་བྱས། མིག་སྔར་ཐུག་བར་དུ། རིག་དངོས་སྲུང་སྐྱོབ་དང་ཞིག་གསོར་གནས་སུ་ཐོན་པའི་མ་དངུལ་སྒོར་ཁྲི14255ཡོད་པ་དང་གཏོང་དངུལ་སྒོར་ཁྲི9300གྲུབ། རྨང་གཞིའི་སྒྲིག་བཀོད་དང་ཆ་སྒྲིག་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི17296བཏང་བ་དང་གཏོང་དངུལ་སྒོར་ཁྲི16040གྲུབ། 2014ལོའི་ཟླ5བར། བླ་བྲང་དགོན་པའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དངོས་སུ་བེད་སྤྱོད་བྱས་པ་དང་། ལས་གཞི་ལག་བསྟར་བྱས་པ་དེས་བླ་བྲང་དགོན་པའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་ཕྱིན་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་། 2017ལོར་མ་དངུལ་སྒོར་ཁྲི60བཏང་ནས་བླ་བྲང་དང་མཐའ་སྐོར་ས་ཆའི་རྨང་གཞིའི་ཆ་སྒྲིག་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིངས།

བླ་བྲང་དགོན་པ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱ་བར་ལོ3ཡས་མས་ཀྱི་འཆར་གཞི་བཀོད་པ་དང་། དུས་རིམ་ལྔ་ཕྱེས་ནས་ལག་བསྟར་བྱས། ཡུལ་སྐོར་འགྲིམ་འགྲུལ་དང་སྤྲོ་གསེང་ལྟ་སྐོར། ཡུལ་སྐོར་བདེ་འཇགས། གཙང་སྦྲ། སྦྲག་སྲིད། ཡུལ་སྐོར་ཉོ་སྒྲུབ། ཕྱོགས་བསྡུས་དོ་དམ། ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་བཅས་ཕྱོགས་བརྒྱད་ཀྱི་ཐད་ནས་མཛེས་ལྗོངས་ཁུལ་ཚོད་ལྟ་དབྱེ་ཞིབ་བྱས་ཤིང་། ད་ལྟ་བླ་བྲང་དགོན་པའི་རིག་གནས་ལྗོངས་ཁུལA5རིམ་པར་འཕར་བའི་བསམ་འཆར་བསྡུ་ལེན་བྱེད་པའི་མ་ཟིན་དང་དཔྱད་གཞིའི་ཡིག་ཆ་བསྡུ་སྒྲིག་གི་བྱ་བའི་ལས་འགན་གྲུབ།

2018ལོའི་བྱ་བའི་འཆར་གཞི་དང་སྐུལ་སྤེལ་གོམ་སྟབས་གཏན་ཁེལ་བྱས་པ། ཡུལ་སྐོར་ལྟེ་གནས་འཐུས་ཚང་དུ་བཏང་སྟེ་ལྗོངས་ཁུལ་གྱི་ཆ་སྒྲིག་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པར་དུ་ལྗོངས་གཟིགས་སྐྱེ་ཁམས་དང་རིག་དངོས་ཞིག་གསོ་དང་སྲུང་སྐྱོབ་བྱ་བ་ལེགས་པར་སྒྲུབ།

བསང་ཆུ་རྫོང་གིས་བླ་བྲང་དགོན་པའི་ལྟེ་བ་འདིར་དམ་པོར་དམིགས་ནས་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ངེས་པར་དུ་ཀན་ལྷོ་ཁུལ་གྱི་ཡུལ་སྐོར་གྱི་མཐོ་ཚད་གསར་བ་ནས་ལངས་ཏེ་ཡུལ་སྐོར་ལས་རིགས་ཀྱི་གོང་འཕེལ་ཆེན་པོ་སྐུལ་སྤེལ་དང་དཔལ་འབྱོར་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན་སྐྲུན་པར་སྐུལ་སྤེལ་བཏང་། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།