ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྤུས་ཚད་ལྟ་སྐུལ་ཅུའུ་ཡིས་ཆི་ལན་རི་བོའི་ཨ་མདོའི་ཨར་འདམ་ཚད་ཡོད་ཀུང་སིས『རྒྱལ་སྤྱིའི་ཚད་གཞི』སྤྱད་པར་བསྐྱར་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྤུས་ཚད་ལྟ་སྐུལ་ཅུའུ་ཡིས་ཁུལ་དང་རྫོང་གི་སྤུས་ཚད་ལྟ་སྐུལ་སྡེ་ཁག་དང་དཔལ་འབྱོར་ཆ་འཕྲིན་སྡེ་ཁག་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཅུས་ཀྱི་ཚད་ལྡན་ཁྲུའུ་ཡི་འགན་ཁུར་བ་གདན་དྲངས་ཏེ་བསང་ཆུ་རྫོང་ཆི་ལན་རི་བོའི་ཨ་མདོའི་ཨར་འདམ་ཚད་ཡོད་ཀུང་སིར་ཡོང་ནས། མཉམ་འདུས་སྭེལ་སྐྱུར་ཚྭའི་ཨར་འདམ325དང་སྤྱིར་བཏང་སྭེལ་སྐྱུར་ཚྭའི་ཨར་འདམ425དང525ལ་རྒྱལ་སྤྱིའི་ཚད་གཞིར་སླེབ་པར་བསྐྱར་ཞིབ་དང་ཞིབ་དཔྱད་བྱས།

དཔྱད་ཞིབ་ཚོགས་པའི་ཁོངས་མིས་ཀུང་སིའི་སྙན་ཞུར་ཉན་པ་དང་། ཀུང་སིའི་རྒྱལ་སྤྱིའི་ཚད་གཞིར་སླེབ་པའི་རེ་འདུན་ཞུ་ཡིག་ལ་ལྟ་བཤེར་བྱས་པ་མ་ཟད། གཙོ་བོ་ཉེ་བའི་ལོ་གསུམ་གྱི་ནང་དུ་ཞིང་ཆེན་ཡན་གྱི་ཁྲིམས་བཀོད་ཞིབ་བཤེར་ལས་ཁུངས་ཀྱིས་བཏོན་པའི་ཐོན་རྫས་ཀྱི་སྤུས་ཚད་ཞིབ་བཤེར་སྙན་ཞུ་དང་ལོ་ཕྱེད་རིང་གི་སྤུས་ཚད་ཀྱི་ཟླ་རེའི་ཞུ་ཐོའི་སྤུས་ཚད་ཚད་ལོན་པའི་བླང་བྱ་དང་། དེ་བཞིན་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ལག་རྩལ་གྱི་ཡིག་ཆར་ཞིབ་བཤེར་བྱས་ཤིང་། ཀུང་སིའི་ཚོད་ལྟ་ཁང་དང་ཐོན་སྐྱེད་བཟོ་སྐྲུན་གྱི་སྒྲིག་ཆས་སོགས་ལ་བལྟས།

དཔྱད་ཞིབ་ཚོགས་པས་ཆི་ལན་རི་བོའི་ཨ་མདོའི་ཨར་འདམ་ཚད་ཡོད་ཀུང་སིས་ལག་རྩལ་གྱི་ཚད་གཞི90སྤྱད་པ་དང་། དོ་དམ་ཚད་གཞི150བཟོ་འགོད་དང་དག་བཅོས། བྱ་བའི་ཚད་གཞི60ཡི་རྨང་གཞིའི་སྟེང་། ཚོང་རའི་འགྱུར་ལྡོག་དང་བསྟུན་ནས་མུ་མཐུད་དུ་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་ནས། ཧུར་ཐག་གིས་རྒྱལ་སྤྱིའི་ཚད་གཞི་ལྟར་བེད་སྤྱོད་བྱ་དགོས་པར་ངོས་འཛིན་བྱས།  GB175 - 2007 གྱི་ཚད་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྒྱལ་སྤྱིའི་ཚད་གཞི་ལས་མཐོ་བའི་ཁེ་ལས་ནང་ཁོག་གི་ཚད་གཞི་གཏན་འབེབས་བྱ་དགོས་པ་མ་ཟད་ལག་བསྟར་ནན་མོ་བྱས་ནས། རྒྱལ་སྤྱིའི་ཚད་གཞི་བེད་སྤྱོད་བྱེད་པའི་བྱ་བ་དེ་ཐོན་སྐྱེད་བཟོ་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་བརྒྱུད་དགོས་པ་དང་། ཐོན་རྫས་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཐོན་རྫས་ཀྱི་སྤུས་ཚད་དང་ལག་རྩལ་འཐེན་བཤེར་བྱས་པས་དམིགས་ཚད་ཚང་མGB175 - 2007ལས་ལྷག་པས། ཀན་ལྷོ་ཁུལ་གྱི་རྒྱལ་སྤྱིའི་ཚད་གཞིར་སླེབ་པའི་ཁེ་ལས་དང་པོ་རུ་གྱུར། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།