ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་དབང་བོ་སྐྱོན་ཅན་གྱི་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་དབང་བོ་སྐྱོན་ཅན་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་བདེ་ཐང་སླར་གསོ། སློབ་གསོ། བྱ་བར་རོགས་རམ། དམངས་འཚོའི་གསབ་དངུལ་སྤྲོད་པ། དབང་བོ་སྐྱོན་ཅན་གྱི་བདག་དབང་སོགས་ཀྱི་བྱ་བའི་ཕྱོགས་ནས་ཕན་ནུས་ལྡན་པའི་བྱེད་ཐབས་སྣ་མང་སྤེལ་བ་དང་། ཕྱོགས་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་ལས་དོན་སྐུལ་འདེད་དང་འཚོ་བའི་རྣམ་པ་ལེགས་བཅོས་བྱས།

རྫོང་ཡོངས་ཀྱི་ཤང་གྲོང19ལ་གནས་གསུམ་གཞི་གཅིག་གི་བྱ་བའི་སྒྲིག་རིམ་འཐུས་ཚང་ཞིག་འཛུགས་པ་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་བསྐོ་བཞག་བྱས། ཆེད་དོན་མཐུན་ཚོགས་ཆེན་པོ་ལྔ་བཙུགས་པ་དང་ཆེད་གཉེར་ལས་འགན་གྱི་ཨུ་ཡོན་བསྐོ་བཞག་བྱས། སྲིད་འཛིན་སྡེ་བ208ལ་སྡེ་དམངས་དབང་བོ་སྐྱོན་ཅན་གྱི་རོགས་རམ་མཐུན་ཚོགས་བཙུགས་ཤིང་། སྡེ་དམངས་རིམ་པའི་དབང་བོ་སྐྱོན་ཅན་གྱི་ཆེད་གཉེར་ལས་འགན་གྱི་ཨུ་ཡོན་བསྐོ་བཞག་བྱས། རྫོང་ཡོངས་ལ་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་པའི་མི7792ཡོད་ལ། རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སླར་གསོའི་ཞབས་ཞུ་ཁང3བསྐྲུན་པ་དང་ཤང་གྲོང་རིམ་པའི་བདེ་ཐང་སླར་གསོའི་ཞབས་ཞུ་ཁང21བསྐྲུན་ཡོད། བདེ་ཐང་སླར་གསོའི་སྒྲིག་རིམ་གྱི་བྱ་བ་སོ་སོ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་སྒྲུབ་བཞིན་ཡོད་ལ། དབང་བོ་སྐྱོན་ཅན་གྱི་གཞི་རྩའི་ཁེ་དབང་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་ཞིང་། རྫོང་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་འགྲོ་བར་རྣམ་པ་ལེགས་པོ་ཞིག་རྒྱུན་འཁྱོངས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།