ཀྲུང་གོ་བོད་ཀྱི་དྲ་བ།

བླ་བྲང་བཀྲ་ཤིས་འཁྱིལ་གྱི་བོད་ཡིག་དཔེ་རྙིང་བམ་པོ་ཁྲི2ལྷག\"ཨང་གྲངས་ཅན\"དུ་མངོན་འགྱུར་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་སྒྲིག་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུའུ་ཏེ་ཧྭ་ཡིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལྟེ་གནས་འདི་ཉིད་ཀྱིས2014ལོའི་ཟླ9པ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་སྒྲིག་སྒྱུར་བྱེད་འགོ་བརྩམས་ཤིང་། མིག་སྔའི་བར་དུ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་རྙིང་བམ་པོ་ཁྲི་2ལྷག"ཨང་གྲངས་ཅན"དུ་མངོན་འགྱུར་བྱས་ཡོད་ཅེས་བཤད་པ་རེད།

བླ་བྲང་བཀྲ་ཤིས་འཁྱིལ་ལ་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་ཆེ་ཤོས་གྲས་ཤིག་ཡིན་ལ། ཀྲུང་གོའི་བོད་ཀྱི་བསྟན་བཅོས་གྲངས་འབོར་མང་ཤོས་དང་། རིག་གཞུང་གི་ཆུ་ཚད་མཐོ་ཤོས། མཁས་དབང་མང་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ཞིང་། དེ་ལ"འཛམ་གླིང་གི་བོད་རིག་པའི་སློབ་གླིང"དུ་གྲགས་པ་རེད།དགོན་པ་འདི་ཡིས་ད་ཆར་ཆ་ཚང་བའི་ངང་དཔེ་རྙིང་རྩ་ཆེན་བམ་པོ་ཁྲི6.8ལྷག་ཉར་ཚགས་བྱས་ཡོད་པ་རེད། 1982ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་གཙོ་གནད་དུ་གཏན་འཁེལ་བ་བྱས་པ་རེད།

བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ནང་དོན་ལ་མཚན་ཉིད་རིག་པ་དང་སྔགས་རྒྱུད། གསོ་རིག ལོ་རྒྱུས། རྣམ་ཐར། བཟོ་རིག་པ། སྐར་རྩིས་རིག་པ། བརྡ་སྤྲོད་རིག་པ་སོགས་རིགས་བཅུ་ལྷག་ཡོད་ལ། གསེར་དང་དངུལ། བྱུ་རུ། གཙུག་གཡུ མུ་ཏིག དུང་བཅས་རིགས་དྲུག་གི་ཕྱེ་ཁུ་ཡིས་བྲིས་པའི《རྡོ་རྗེ་གཅོད་པ་》སོགས་བོད་ཡིག་ཐོག་མར་བཏོད་པ་དང་བོད་ཀྱི་བསྟན་པ་སྔ་དར་སྐབས་སུ་རྒྱུན་འཇགས་ཀྱི་རིན་ཐང་བྲལ་བའི་དཔེ་ཆ་མང་པོ་ཡོད་པ་རེད། བོད་ཀྱི་བསྟན་བཅོས་འདི་ཚོ་རྒྱལ་ཁབ་ཀྱི་ནོར་བུ་ཡིན་པ་མ་ཟད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གི་ནང་བསྟན་ལས་རིགས་ཀྱི་དོ་སྣང་བྱ་ཡུལ་དུའང་གྱུར་ཡོད་པས། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ལོ་རྒྱུས། སྐར་རྩིས། ས་ཁམས། ཆོས་ལུགས་སོགས་ཞིབ་འཇུག་བྱེད་རྒྱུར་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།