ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཏང་ཨུས་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས30ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དང་པོའི་དགོངས་དོན་གཙོ་བོ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བདུན་པ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་དགོངས་པ་གཙོ་བོ། ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་བསྟན།

ཁུལ་ཏང་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་བྱས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁུལ་གྱི་འགོ་ཁྲིད་ཨན་ཅིན་ལུང་དང་། ཀྲའོ་ལིན་ཡོན། ཞུས་ཆང་། བཀྲ་ཤིས་མཚོ། ཧྥན་ཝུའུ་ཏི། སུང་ཅན། དབྱང་ཝུའུ། དབྱང་ཞུང་། ཧུའེ་ཆང་། ཧའོ་ཅུའེ་མེན་བཅས་ཀྱི་འགོ་ཁྲིད་གྲོས་ཚོགས་སུ་ཞུགས།

ཡུས་ཁྲིན་ཧུའེ་ཡིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཇི་མ་ཇི་བཞིན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ཞིབ་པར་བལྟས་ན་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་དགོངས་པའི་སྙིང་བཅུད་དང་། དོན་གནད་གཙོ་བོ་གོ་བ་གསལ་བོ་བླངས་ཏེ་མགྱོགས་མྱུར་ངང་དགོངས་པ་དང་བྱ་སྤྱོད་གཉིས་ཞི་ཅིན་ཕེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྟེང་གཅིག་གྱུར་ཡོང་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རིག་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ་། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་དགོངས་པ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་སྐུལ་འདེད་བྱས་ཏེ་ཏང་སེམས་དམངས་སེམས་གོང་བུ་གཅིག་འགྲིལ་དང་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་རྒྱ་བསྐྱེད་བྱས་ནས་གསོན་ཉམས་ལྡན་པའི་ལག་ལེན་གྲུབ་པར་བྱ་རྒྱུ་དེ་ཡིན། 

ཡུས་ཁྲིན་ཧུའེ་ཡིས་དུས་རབས་གསར་པར་སླེབས་པ་དང་བསྟུན་ཀན་ལྷོའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ལམ་སྣེ་གསར་པ་ཞིག་ཏུ་གནས་ཡོད་པ་དང་། འགོ་འཛུགས་ས་གསར་པར་རྣམ་པ་གསར་པ་ཞིག་ཡོད་དགོས་ལ་དེ་བས་ཀྱང་བྱས་རྗེས་གསར་པ་འཇོག་དགོས། ད་ལྟ། ལོ་མཇུག་ཏུ་སླེབས་པར་ཟླ་བ་གཉིས་མ་གཏོགས་མེད་པས་ང་ཚོས་སྔོན་གཏན་འཁེལ་བྱས་བའི་དམིགས་ཚད་ལེགས་སྒྲུབ་བྱུང་ན་དུས་ཚོད་ཧ་ཅང་བྲེལ་བ་ཆེ་ལ་ལས་འགན་ཧ་ཅང་ལྗིད་པོ་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གོམ་གང་མདུན་སྤོས་ཀྱིས་འགན་འཁྲི་འཁུར་སེམས་དང་། འགན་འཁྲིའི་བསམ་པ། དགོས་གཏུག་ཆེན་པོའི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས།  སློབ་སྦྱོང་བྱེད་པའ་གོ་རིམ་ཁྲོད་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། སེམས་ནུས་གཅིག་སྒྲིལ། དངོས་དོན་སྒྲུབ་རྒྱུ་དཀའ་སེལ་ཁྲོད་འགག་སྒྲོལ་བྱེད་པ། མངོན་པར་འགན་འཁུར་ཕོད་པ་བཅས་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་གྲུབ་འབྲས་དེ་ཀན་ལྷོ་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་གསུམ་གྱི་བྱ་གཞག་ཐོག་མངོན་པར་སྐུལ་འདེད་གཏོང་བ་དང་། མིག་སྔར་ལ་རྐང་འཛུགས་དང་རྒྱང་རིང་ལ་དམིགས་ནས་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་ཐར་བྱས་ནས་ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་འཛུགས་སྐྲུན་གྱི་དམིགས་ཚད་ལ་མཐའ་མའི་གདོང་མཆོང་བྱེད་པ། སྔོན་ཐོབ་ལ་སྲུང་སྐྱོང་བྱས་ནས་དམར་ཐིག་ནན་སྲུང་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞི་མཉམ་སྐྲུན་མཉམ་སྤྱོད་མཉམ་སྐྱོང་བྱ་རྒྱུ། འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་ལྟར་ཞིབ་བཤེར་ནན་མོ་བྱས་ཏེ་འཐུས་མི་དང་ཨུ་ཡོན་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་པ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་རྒྱུའི་བླང་བྱ་བཏོན།

ཁུལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་དང་། ཀན་ལྷོ་ཡན་ལག་དམག་ཁུལ་ཁང། དྲག་ཆས་ཉེན་རྟོག་ཀན་ལྷོ་ཉིང་ཁག་རུ་ཁག ས་གནས་རིམ་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་བློ་མཐུན་རྒན་གྲས་ཁ་ཤས། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་དྲུང་ཡིག་ཆེན་མོ། ཁུལ་དྲུང་ཡིག་ཆེན་མོ་གཞོན་པ། རྫོང་དང་གྲོང་ཁྱེར་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན། ཁུལ་ཐད་གཏོགས་སྡེ་ཁག་ཁག ཞིང་ཆེན་ཁོངས་གཏོགས་ཁུལ་ཏུ་བཅའ་སྡོད་བྱས་པའི་ཚན་པ་ཁག་གི་འགན་འཁུར་པ་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།