ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་སན་ཡུན་གྱིས་སྒྲིག་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕུད་པ།

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་འགོ་འཛིན་གཞོན་པ་ཨུ་ཡོན་ཟུར་པ། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཟུར་པ་ཝང་སན་ཡུན་(王三运)གྱི་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། ཝང་སན་ཡུན་གྱིས་ཆབ་སྲིད་ཀྱི་སྒྲིམ་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལས་རྒྱབ་འགལ་ཚབས་ཆེན་བྱས་ཡོད་ལ། "འདུ་ཤེས་བཞི"སྣང་མེད་དུ་བཞག་ཡོད་པ། ཏང་ཀྲུང་དབྱང་གི་སྲིད་ཇུས་ཀྱི་བཀོད་པ་གལ་ཆེན་ཁྲལ་མངོན་སླ་བཅོས་དང་ལས་འཛོལ་འགན་འཛོལ་ཚབས་ཆེན་བྱས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་མེད་པ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གང་བྱུང་མང་བྱུང་བཤད་པ། ཡུན་རིང་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་སུ་ཕྱིན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བ། ཏང་གི་མི་འདེམས་བཀོལ་ལམ་ལུགས་དང་རྩ་འཛུགས་ཀྱི་རྩ་དོན་ལ་མི་བརྩི་བ། སྒྲིག་འགལ་གནད་དོན་ཡོད་པའི་ལས་བྱེད་པ་འགོ་ཁྲིད་ལས་གནས་སུ་འཇོག་པ། ལས་བྱེད་འདེམས་བསྐོའི་ཁྲོད་མི་གཞན་ལ་རོགས་རམ་བྱས་པ་མ་ཟད་ལྐོག་རྔན་བླངས་པ། སྲིད་གཙང་སྒྲིག་ཁྲིམས་ལས་འགལ་ནས་ལག་རྟགས་འབུལ་རྟེན་བླངས་པ། ལས་གནས་ཀྱི་སྟབས་བདེའམ་དབང་ཤུགས་སྤྱད་དེ་མི་གཞན་ལ་ཁེ་ཕོག་བླངས་པ་མ་ཟད་ལྐོག་རྔན་འབོར་ཆེན་བླངས་པ། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་རེད།

ཝང་སན་ཡུན་ནི་ཀྲུང་དབྱང་ཨུ་ཡོན་ཡིན་པའི་ཆ་ནས། ཕུགས་འདུན་གི་འདུ་ཤེས་ཟད་ལ། ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་མ་ཟད། ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་ད་དུང་ཚོད་མི་བཟུང་བ་དང་གཟབ་གཟབ་མི་བྱེད་པ། ངོ་བོ་ཚབས་ཆེ་ཞིང་གནས་ཚུལ་ཛ་དྲག་ཡིན་པ། ཀན་སུའུ་ཞིང་ཆེན་གྱི་ཆབ་སྲིད་ཁོར་ཡུག་སྦགས་བཙོག་ཚབས་ཆེན་བཟོས་པ། བྱ་གཞག་དང་སྣང་བརྙན་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་བཅས་ཐག་གཅོད་ནན་པོར་བྱ་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཐག་གཅོད་སྲོལ་ཡིག་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་ཐོག་གྲོས་ཞིབ་གནང་བ་བརྒྱུད། ཝང་སན་ཡུན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་རྒྱུ། སྒྲིག་འགལ་ངང་ཐོབ་པ་ཚང་མ་གཞུང་བཞེས་གཏོང་རྒྱུ། ཉེས་གསོག་གནད་དོན་དང་ཁུངས་སྣེའི་དོགས་གཞི་ཡོད་པ། འབྲེལ་ཡོད་ལྐོང་རྔན་བླངས་པའི་རྒྱུ་དངོས་ཚང་མ་ཁྲིམས་འཛིན་སྡེ་ཁག་ཏུ་བསྐྱལ་ནས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ། ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ་དང་། ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་འཚོག་དུས་ཁས་ལེན་བྱ་དགོས་པ་བཅས་ཀྱི་གཏན་འཁེལ་བྱས་པ་རེད།
      ཝང་སན་ཡུན་གྱི་ལོ་རྒྱུས་མདོར་བསྡུས།
      ཝང་སན་ཡུན། སྐྱེས་པ། རྒྱ་རིགས། 1952ལོའི་ཟླ་12པར་སྐྱེས། ཧྲན་ཏུང་ཏན་རྫོང་ནས་ཡིན་པ། 1979ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་། 1968ལོའི་ཟླ་12པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་ཡོད་ལ། ཆབ་སྲིད་རིག་པའི་ཆེད་ལས་ཡིན་པ་རེད།
     1968ལོའི་ཟླ་12པར། ཀུའེ་ཀྲོའུ་ཞིང་ཆེན་ཀྲི་ཅིན་རྫོང་ཆི་དབྱང་གུང་ཧྲེའི་གཞོན་ནུ་ཤེས་ཡོན་པ་ཡིན་ལ། རྫོང་སློབ་འབྲིང་དང་པོའི་ཚབ་ཁྲིད་དགེ་རྒན་ཡིན་པ།
     1974ལོའི་ཟླ་8པར། ཀུའེ་དབྱང་དགེ་འོས་སློབ་གླིང་གི་རྒྱ་ཡིག་ཚན་ཁག་གི་རྒྱའི་སྐད་བརྡ་དང་རྩོམ་རིག་ཆེད་ལས་སུ་སློབ་སྦྱོང་བྱས།
    1977ལོའི་ཟླ་9པར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་དགེ་འོས་སློབ་གླིང་གི་ཏང་གི་གཞུང་ལས་ཁང་གི་ལས་བྱེད་མི་སྣ་ཡིན་པ།
    1983ལོའི་ཟླ་5པར། ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཡི་དྲུང་ཡིག་ཡིན་པ།
    1984ལོའི་ཟླ་8པར། ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཡི་ན་གཞོན་ལས་བྱེད་ཁྲུའུ་ཡི་འགོ་འཛིན་གཞོན་པ་དང་། ཀུའེ་དབྱང་གྲོང་ཁྱེར་ཡུན་ཡན་ཆུས་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པ།
    1987ལོའི་ཟླ་12པར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཡུན་ཡན་ཆུས་ཨུའི་ཧྲུའུ་ཅི་ཡིན་པ།
    1990ལོའི་ཟླ་2པར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཡུན་ཡན་ཆུས་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
    1990ལོའི་ཟླ་7པར། གུང་གཞོན་ཚོགས་པ་ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
    1992ལོའི་ཟླ་12པར། ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ། (བར་སྐབས་སུ། 1992ལོའི་ཟླ་9པ་ནས་1993ལོའི་ཟླ་1བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་འཛིན་གྲྭ་གཉིས་པར་སློབ་སྦྱོང་བྱས།)
    1995ལོའི་ཟླ་9པར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
    1995ལོའི་ཟླ་10པར། ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཀུའེ་དབྱང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
    1998ལོའི་ཟླ་8པར། ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། ཀུའེ་དབྱང་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
    1998ལོའི་ཟླ་10པར། ཀུའེ་ཀྲོའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཡིན་པ། (བར་སྐབས་སུ། 1998ལོའི་ཟླ་9པ་ནས་2001ལོའི་ཟླ་7པ་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་དུ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་ཀྱི་ལས་བཞུགས་ཞིབ་འཇུག་སློབ་མའི་ཆབ་སྲིད་རིག་པའི་ཆེད་ལས་སློབ་སྦྱོང་བྱས།)
    2001ལོའི་ཟླ་7པར། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཡིན་པ།
    2002ལོའི་ཟླ་10པར། ཕུའུ་ཅན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཡིན་པ།
    2007ལོའི་ཟླ་11པར། ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཡིན་པ།
     2007ལོའི་ཟླ་12པར། ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ། ཞིང་ཆེན་འགོ་འཛིན་གྱི་ལས་ཚབ་ཡིན་པ།
    2008ལོའི་ཟླ་1པར། ཨན་ཧུའེ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཡིན་པ།
    2011ལོའི་ཟླ་12པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པ།
    2012ལོའི་ཟླ་1པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་འཛིན་ཡིན་པ།
    2013ལོའི་ཟླ་1པར། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་འཛིན་ཡིན་པ།
     2017ལོའི་ཟླ་4པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་འགོ་འཛིན་གཞོན་པའི་ཨུ་ཡོན་ཡིན་པ།
     ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་ཡིན་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ཡིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།