ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན93རྙེད་དེ་མི59ཡི་འགན་འཁྲི་རྩད་ཞིབ་ཐག་གཅོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ7པ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་སྒྲིག་ཨུས་དབུལ་སྐྱོར་ཁྱབ་ཁོངས་སུ་ཆེད་དམིགས་བྱ་བའི་ལྟ་ཞིབ་ཚན་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེད་དམིགས་ཞིབ་བཤེར་བྱས།

ལྟ་ཞིབ་ཚན་ཆུང་ཤང་དང་གྲོང་རྡལ16དང་རྫོང་གཏོགས་སྡེ་ཁག་དང་སྡེ་ཚན12ཀྱི་ནང་དུ་ཟབ་ཞུགས་བྱས་ཏེ། བསྡོམས་པས་གནད་དོན93རྙེད་པ་སྟེ། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱས་ཀྱང་ཉེན་ཁང་བསྒྱུར་བཀོད་མ་བྱས་པ་དང་། ཤང་གྲོང་གིས་གཏོང་དགོས་པའི་དབུལ་སྐྱོར་མ་དངུལ་མ་གཏོང་བ། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་དབྱེ་འབྱེད་བྱས་པ་གནད་དུ་འཁེལ་མེད་པ་དང་། གཞི་གྲངས་ཀྱི་ཆ་འཕྲིན་ཁ་ཤས་ནང་འཇུག་བྱས་པ་ནོར་འཁྲུལ་ཡིན་པ་སོགས་དང་འབྲེལ། ཞིབ་བཤེར་བྱས་པའི་གནད་དོན་ལ་དམིགས་ནས། རྫོང་སྒྲིག་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ་ཞིབ་འཇུག་བྱས་པ་མ་ཟད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མོས་མཐུན་བྱུང་བར་སྙན་ཞུ་ཞུས་པ་བརྒྱུད། འབྲེལ་ཡོད་ལས་བྱེད་མི་སྣ59ལ་རྩ་འཛུགས་ཀྱི་ཐག་གཅོད་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།