ཀྲུང་གོ་བོད་ཀྱི་དྲ་བ།

“མེ་ཏོག་གི་འཛུམ་ཆུང”ཞེས་པའི་སློབ་སྐྱོར་སྤྱི་ཕན་ཞལ་འདེབས་བྱ་འགུལ་ཀན་ལྷོ་ཁུལ་དུ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “མེ་ཏོག་གི་འཛུམ་ཆུང”ཞེས་པའི་སློབ་སྐྱོར་སྤྱི་ཕན་ཞལ་འདེབས་བྱ་འགུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་སྤེལ། ཧྲང་ཧེ་ལིང་ཞི་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིན་ཞི་ཨའེ་འཁོར་དང་བཅས་པ་དང་། ཀན་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བ་དང་མཉམ་དུ་བྱ་འགུལ་ལ་ཞུགས།

2015ལོ་ནས་བཟུང་། ལྕམ་མོ་ལིན་ཞི་ཨའེ་ཡིས“མེ་ཏོག་གི་འཛུམ་ཆུང”ཞེས་པའི་ཀན་ལྷོའི་སློབ་སྐྱོར་ཞལ་འདེབས་བྱ་འགུལ་སྤེལ་རྒྱུའི་གྲོས་གཞི་བཏོན་ནས། མི་ཐེངས110ལྷག་རྩ་འཛུགས་བྱས་ཏེ་ཆེས་ས་ཐག་རིང་བའི་ལུང་ཁུག་གི་གྲོང་གསེབ་སློབ་གྲྭའི་སློབ་གསོ་ལ་རྒྱབ་སྐྱོར་བྱེད་པར་མངགས། སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར3000དང་སློབ་འབྲིང་སློབ་མ་རེ་ལ་སྒོར4000 མཐོ་འབྲིང་སློབ་མ་རེ་ལ་སྒོར5000ཡི་ཚད་གཞི་ལྟར་ཆེས་དཀའ་ཁག་ཆེ་བའི་སློབ་མ་རྣམས་ལ་སློབ་སྐྱོར་ཞལ་འདེབས་བྱས། ལོ་གཉིས་ཀྱི་རིང་ལ་བསྡོམས་པས་སློབ་མ198ལ་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་དངོས་རྫས་དང་མ་དངུལ་སྡོམ་རྩིས་བྱས་ན་སྒོར་ཁྲི170ལྷག་ཞལ་འདེབས་བྱས། ཐེངས་འདིའི་སྤྱི་ཕན་བྱ་འགུལ་གྱིས་བྱིས་པ་ཚོར་འཚོ་བ་དང་སློབ་སྦྱོང་གི་མཁོ་ཆས་མང་བོ་འདོན་སྤྲོད་བྱས་ཏེ་དཀའ་ཁག་ཆེ་བའི་སློབ་མ་རྣམས་ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་བསྡོམས་པས་སྒོར་ཁྲི122ཞལ་འདེབས་བྱས་ནས། ཕུལ་བྱུང་སློབ་བུ་རྣམས་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱས།

ཉེ་བའི་ལོ་ཤས་ནང་དུ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག  ཀན་ལྷོ་ཁུལ་གྱི་སློབ་གསོ་བྱ་གཞག་གོང་འཕེལ་ཆེན་པོ་ཐོབ་པ་དང་། སློབ་གསོའི་ཐོན་ཁུངས་དང་སློབ་སྒྲུབ་ཆ་རྐྱེན་ཚད་ཆེན་པོའི་སྒོ་ནས་ལེགས་བཅོས་བྱུང་ཞིང་། སློབ་གསོ་ཁྱབ་སྤེལ་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བྱུང་བ་དང་། སློབ་གསོའི་སྤུས་ཚད་ལོ་རེ་བཞིན་མཐོར་འདེགས་བྱུང་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད་མོད། འོན་ཀྱང་ཁྱིམ་ཚང་དཀའ་ཁག་ཅན་གྱི་སློབ་མ་ཁ་ཤས་ལ་སྔར་བཞིན་སྤྱི་ཚོགས་ཡོངས་ཀྱིས་སེམས་ཁུར་དང་རོགས་སྐྱོར་བྱས་ནས་སློབ་གཉེར་གྱི་སེམས་ཁྲལ་སེལ་རོགས་བྱ་དགོས་སོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།