ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་གྱིས་ཅོ་ནེ་རྫོང་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་ཅུང་བཟང་བ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2017-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྱོར་སྤེལ་བ་ནས་བཟུང་། ཀན་སུའུ་ཞིང་ཆནེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ལ་ལས་གཞི་འཛུགས་སྐྲུན་དང་མ་དངུལ་གྱི་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་པས། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་དང་སྡོད་ཁང་ཁོར་ཡུག་ཐད་གོང་འཕེལ་ཆེན་པོ་བྱུང་།

2013 ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི960བཏང་ནས། ཐེན་ཅིན་གྱིས་རྣ་ལུང་ཤང་ཅུས་པའེ་ཧའོ་སྡེ་བའི“7 22”ས་འགུལ་གྱི་གནོད་པ་ཐེབས་རྗེས་ཀྱི་གནས་སྤོའི་ལས་གཞི་ལ་སྒོར་ཁྲི360རོགས་སྐྱོར་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི560བཏང་།

2014ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི660བཏང་བ་དང་སྡེ་བ་གསུམ་སྡེ་བ་ཧྲིལ་བོར་སྐུལ་འདེད་བྱེད་པའི་ལས་གཞི་སྤེལ་ནས་མ་དངུལ་སྒོར་ཁྲི610བཏང་། ཤིན་གཙང་ཤང་བསྟན་ཚང་སྡེ་བར་སྒོར་ཁྲི160དང་རྣ་ལུང་ཤང་བོན་མཆོག་སྡེ་བའི་སྡེ་ལམ་སྤྱི་ལེ 4མཁྲེགས་འགྱུར་བྱས་ཤིང་། མ་དངུལ་སྒོར་ཁྲི160བཏང་། སྤྱི་སྤྱོད་ཞབས་ཞུའི་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི 50བཏང་ནས་ཁྱ་དགེ་ཤང་དྲོ་ཆེན་སྡེ་བར་སྨི་གྲུ་བཞི་མ 600ཅན་གྱི་སྡེ་བ་རིམ་པའི་རིག་གནས་ཐང་ཆེན་འཛུགས་སྐྲུན་བྱས།

2015ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི800བཏང་ནས་གཙོ་བོ་ཉིན་པ་སྡེ་བ་དང་བརྒྱ་མཆེད་སྡེ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། གད་སྙིགས་ཐག་གཅོད་བྱེད་གནས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་བཀོལ།

2016 ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི350བཏང་ནས་དེའི་ཁྲོད་ཀྱི་སྒོར་ཁྲི200མ་རུ་གྲོང་བརྡལ་དཔའ་ཡུལ་རང་བྱུང་སྡེ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་ལས་གཞིར་བཀོལ་བ་དང་། ཉི་འོད་ནུས་པའི་གློག་གི་ལམ་སྒྲོན192དང་། སྤྱི་སྤྱོད་གཙང་སྤྱོད་ཁང2གསར་སྐྲུན་བྱས་ཤིང་སྨི་གྲུ་བཞི་མ60ཡོད།  ས་སྨི་གྲུ་བཞི་མ4831ལྗང་འགྱུར་དུ་བྱས་པ་དང་སྨི་གྲུ་བཞི་མ650ཡོད་པའི་རླངས་འཁོར་འཇོག་ས 2གསར་འཛུགས་བྱས།

2017ལོའི་ཟླ3པར། ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཅཱ་ཧྥུན་ཧྲན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཡུལ་དངོས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ནས། ཅོ་ནེ་རྫོང་གི་གནས་ཚུལ་དང་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ། ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་དོ་དམ་གྱི་ལས་དོན། དམངས་སྲོལ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་མ་ཟད། 《ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་ཤར་ནུབ་ཁུལ་གྱི་དབུལ་སྐྱོར་མཉམ་སྒྲུབ་གཞི་སྒྲོམ་གྲོས་མཐུན》ལ་ཆོག་མཆན་བཀོད་ནས། ཁྱད་ལྡན་ཐོན་ལས་དང་ལས་ཞུགས་སོགས་ཕྱོགས11ཐད་ནས་རིགས་མཐུན་རོགས་སྐྱོར་སྤེལ་བར་ཐུན་མོང་གི་གྲོས་མཐུན་བྱུང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།