ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཤམ་བྷ་ལ་ནང་བཞིན་ལྟ་ན་སྡུག་པའི་ཀན་ལྷོའི་རྨ་ཆུ་སྐབས་བཅུ་གཅིག་པའི་གེ་སར་རྟ་རྒྱུག་དང་སྐབས་ལྔ་བའི་ནོར་གནག་བོད་ལུག་ལ་བོ་གཤིབ་བསྡུར་འགྲན་ཚོགས་ཆེན་མོའི་སྤྱི་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྨ་ཆུ་རྫོང་གིས“ཀྲུང་གོའི་རྟ་རྒྱུག་གི་ཕ་སའི”མིང་རྟགས་དགེ་མཚན་སྔར་ལས་ལྷག་པར་གོང་དུ་སྤེལ་བ་དང་། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་རྒྱ་ཆེར་སྤེལ་པའི་སྤྱིའི་འཆར་འགོད་ལག་བསྟར་དོན་འཁྱོལ་བྱ་ཆེད། 2017ལོའི་ཟླ8པའི་ཚེས13ཉིན་ནས17བར་ལ། ཀྲུང་གོའི་ཤམ་བྷ་ལ་ནང་བཞིན་ལྟ་ན་སྡུག་པའི་ཀན་ལྷོའི་རྨ་ཆུ་སྐབས་བཅུ་གཅིག་པའི་གེ་སར་རྟ་རྒྱུག་དང་སྐབས་ལྔ་བའི་ནོར་གནག་བོད་ལུག་ལ་བོ་གཤིབ་བསྡུར་འགྲན་ཚོགས་ཆེན་མོ་སྤེལ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག རྟ་རྒྱུག་འགྲན་སྡུར་དང་འབྲེལ་ཡོད་ཀྱི་དོན་ཚན། 

༡ བྱ་འགུལ་གྱི་མིང་། ཀྲུང་གོའི་ཤམ་བྷ་ལ་ནང་བཞིན་ལྟ་ན་སྡུག་པའི་ཀན་ལྷོ་རྨ་ཆུ་སྐབས་བཅུ་གཅིག་པའི་གེ་སར་རྟ་རྒྱུག་དུས་ཆེན། 

༢ བྱ་འགུལ་གྱི་ཁྱབ་ཁོངས། རྒྱལ་ཡོངས་ཀྱི་མངའ་ཁོངས། 

༣ བྱ་འགུལ་གྱི་དུས་ཚོད། 2017ལོའི་ཟླ8ཚེས13ཉིན་ནས17བར་ཡིན། 

༤ བྱ་འགུལ་གྱི་ས་གནས། རྨ་ཆུ་རྫོང་གེ་སར་རྟ་རྒྱུག་ལྟེ་གནས། 

༥ འགྲན་བསྡུར་གྱི་རྣམ་གྲངས། (༡)སྲོལ་རྒྱུན་རྟ་གཤིབ(རྨ་ཁུག་གི་རྟ་ཁོ་ན)ལ་སྨི1000ཅན་དང་སྨི3000ཅན་གྱི་ཁོབས་གཤིབ་དང་། སྨི5000ཅན་དང་སྨི10000ཅན་ཡུན་རྒྱུག་གཉིས་ཡོད། (༢) ཆེད་ལས་རྟ་རྒྱུག(རྒྱུག་རྟ་ལ་ཁྱད་པར་མེད)ལ་སྨི2000ཅན་གྱི་ཁོབས་གཤིབ་དང་སྨི6000ཅན་གྱི་ཡུན་གཤིབ་གཉིས་ཡོད།

གཉིས། བྱ་དགའི་རྣམ་གྲངས་དང་བྱ་དགའི་དངུལ་སྒོར། 

ཟླ8པའི་ཚེས13ཉིན་རྟ་རྒྱུག་མགོ་བརྩམས་པའི་མཛད་སྒོ་དང་སྨི2000ཅན་གྱི་ཁོབས་གཤིབ་འགྲན་བསྡུར་སྤེལ་རྒྱུ། ཨང་རིམ་སྔུན་མ་དགུ་ལ་བྱ་དགའ་ཡོད་དེ། རིམ་བཞིན་དུ་སྒོར40000སྒོར25000། སྒོར20000། སྒོར15000 སྒོར།10000། སྒོར5000། སྒོར5000། སྒོར5000 སྒོར5000བཅས་ཡོད། (བྱ་དགའི་དངུལ་ཁྱོན་བསྡོམ་སྒོར་ཁྲི13ཡིན་ལ་སྒོར་ཁྲི་ཡན་ལ་དངུལ་ཁྲལ20%ཡིན)

ཟླ8པའི་ཚེས14ཉིན་ལ་སྲོལ་རྒྱུན་རྟ་རྒྱུག་གི་ཡུན་རྒྱུག་སྨི5000ཅན་རྒྱུག་རྒྱུ་ཡིན་ལ་ཨང་རིམ་སྔུན་མ་དགུ་ལ་བྱ་དགའ་ཡོད་དེ། རིམ་བཞིན་དུ་སྒོར70000དང་སྒོར35000། སྒོར30000། སྒོར20000།སྒོར15000། སྒོར10000། སྒོར10000། སྒོར10000། སྒོར10000་བཅས་ཡོད། (བྱ་དགའི་དངུལ་ཁྱོན་བསྡོམ་སྒོར་ཁྲི21ཡིན་ལ་སྒོར་ཁྲི་ཡན་ལ་དངུལ་ཁྲལ20%ཡིན) 

ཟླ8པའི་ཚེས15ཉིན་ལ་སྲོལ་རྒྱུན་རྟ་རྒྱུག་གི་ཁོབས་གཤིབ་སྨི1000ཅན་དང་ཆེད་ལས་ཡུན་རྒྱུག་སྨི6000རྒྱུག་རྒྱུ། ༡སྲོལ་རྒྱུན་རྟ་རྒྱུག་གི་ཁོབས་གཤིབ་སྨི1000ཅན་རྒྱུག་རྒྱུ་ཡིན་ལ་ཨང་རིམ་སྔུན་མ་དགུ་ལ་བྱ་དགའ་ཡོད་དེ། རིམ་བཞིན་དུ་སྒོར30000། སྒོར20000། སྒོར10000། སྒོར8000། སྒོར5000། སྒོར3000། སྒོར3000། སྒོར3000། སྒོར3000བཅས་ཡོད། (བྱ་དགའི་དངུལ་ཁྱོན་བསྡོམ་སྒོར་ཁྲི85000ཡིན་ལ་སྒོར་ཁྲི་ཡན་ལ་དངུལ་ཁྲལ་20%ཡིན)  ༢ ཆེད་ལས་ཡུན་རྒྱུག་སྨི6000ཅན་རྒྱུག་རྒྱུ་ཡིན་ལ་ཨང་རིམ་སྔུན་མ་དགུ་ལ་བྱ་དགའ་ཡོད་དེ། རིམ་བཞིན་དུ་སྒོར80000། སྒོར40000། སྒོར30000། སྒོར20000། སྒོར15000། སྒོར10000། སྒོར10000། སྒོར10000། སྒོར10000བཅས་ཡོད། (བྱ་དགའི་དངུལ་ཁྱོན་བསྡོམ་སྒོར་ཁྲི225000ཡིན་ལ་སྒོར་ཁྲི་ཡན་ལ་དངུལ་ཁྲལ20%ཡིན) 

ཟླ8པའི་ཚེས16ཉིན་ལ་སྲོལ་རྒྱུན་རྟ་རྒྱུག་ཁོབས་གཤིབ་སྨི3000ཅན་གྱི་འགྲན་བསྡུར་སྤེལ་རྒྱུ་ཡིན། ཨང་རིམ་སྔུན་མ་དགུ་ལ་བྱ་དགའ་ཡོད་དེ། རིམ་བཞིན་དུ50000། སྒོར30000། སྒོར25000། སྒོར20000 སྒོར15000། སྒོར5000། སྒོར5000། སྒོར5000།སྒོར5000བཅས་ཡོད ། (བྱ་དགའི་དངུལ་ཁྱོན་བསྡོམ་སྒོར་ཁྲི16ཡིན་ལ་སྒོར་ཁྲི་ཡན་ལ་དངུལ་ཁྲལ20%ཡིན) 

ཟླ8པའི་ཚེས17ཉིན་ལ་སྲོལ་རྒྱུན་གྱི་ཡུན་གཤིབ་སྨི10000ཅན་གྱི་འགྲན་བསྡུར་སྤེལ་རྒྱུ་ཡིན། ཨང་རིམ་སྔུན་མ་དགུ་ལ་བྱ་དགའ་ཡོད་དེ། རིམ་བཞིན་དུ་སྒོར་200000། སྒོར60000། སྒོར40000། སྒོར30000། སྒོར20000། སྒོར10000། སྒོར་10000།སྒོར10000། སྒོར10000བཅས་ཡོད། (བྱ་དགའི་དངུལ་ཁྱོན་བསྡོམ་སྒོར་ཁྲི390000ཡིན་ལ་སྒོར་ཁྲི་ཡན་ལ་དངུལ་ཁྲལ་༢༠%ཡིན) གོང་གི་བྱ་དགའི་དངུལ་ཁྱོན་བསྡོམ་(སྒོར་ཁྲི་བརྒྱ་དང་ཉི་ཤུ་ཡིན། ) 20%ལ་ཁྲལ་འདུ་བ།

གསུམ། མིང་ཐོ་འགོད་ཡུན།

2017ལོའི་ཟླ7པའི་ཚེས15ཉིན་ནས་ཟླ8པའི་ཚེས1ཉིན་གྱི་བར(ལུགས་རྙིང་གི་ཟླ6པའི་ཚེས22ནས་དྲུག་པ་རྗེས་མའི་ཚེས10བར་ཡིན)དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

བཞི། མིང་ཐོ་འགོད་པའི་དུས་ཚོད།

2017ལོའིཟླ7པའི་ཚེས6ཉིན་ནས་ཟླ8པའི་ཚེས9བར(ལུགས་རྙིང་གི་ཟླ6པའི་ཚེས་15ནས6པ་རྗེས་མའི་ཚེས18བར) དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

ལྔ། མིང་ཐོ་དང་སླེབས་ཐོ་འགོད་ས།

འབྲེལ་གཏུག་ཁ་པར། 18093936616 གཟུགས་འཕྲིན། 0941_6121156 QQཨང་གྲངས། 2952348621 སྦྲག་སྒམ།2952348621@qq.com འབྲེལ་གཏུག་པ། མགོན་པོ། ཁ་པར།13893966888 སྐལ་ཁོ། 13893914428 རྡོ་རྗེ་ཚེ་བརྟན། 18093936616 ཀྲང་ཅན་ཧྲིན། 13893990132

ས་གནས། རྨ་ཆུ་རྫོང་གེ་སར་རྟ་རྒྱུག་གླིང་གི་གཅིག་ཐོག  

དྲུག  ནོར་གནག་བོད་ལུག་ལ་བོ་འགྲན་ཚོགས་ཀྱི་འབྲེལ་ཡོད་དོན་ཚན།

༡ བྱ་འགུལ་གྱི་དུས་ཚོད། 2017ལོའི་ཟླ་8པའི་ཚེས13ཉིན་ནས་ཚེས14ཉིན་བར་(ལུག་རྙིང་གི་ཟླ6པའི་ཚེས་22ནས་ཚེས་23བར)

༢ བྱ་འགུལ་ས་གནས། རྨ་ཆུ་རྫོང་ཞིང་ཆེན་གསུམ་གྱི་ཕྱུགས་ཟོག་ཉོ་ཚོང་ཚོང་ར།

༣ བྱ་འགུལ་གྱི་ཁྱབ་ཁོངས།

(༡) ནོར་གནག་འགྲེམ་སྟོན་འགྲན་བསྡུར་རྨ་ཆུ་རྫོང་ཁོངས་ཁོ་ན་ཡིན། 

(༢) ལ་བོ་འགྲེམ་སྟོན་ནི་རྒྱལ་ཡོངས་ཀྱི་ལ་བོ་དགའ་མོས་ཡོད་མཁན་དག  

བདུན།  བྱ་དགའི་རྣམ་གྲངས་དང་དགའ་རྟགས་དངུལ་སྒོར།

༡ ནོར་གནག་དང་བོད་ལུག་འགྲན་བསྡུར་ལ་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཡོད། 

༢ ཁྱུ་གཡག་གི་འགྲན་བསྡུར་ལ། ཨང་དང་པོ་གསུམ་ཡོད། དེ་དག་རེ་རེ་ལ་སྒོར་ཁྲི15000ཡི་བྱ་དགའ་ཡོད། ཨང་གཉིས་པ་ལ་བདུན་ཡོད། རེ་རེ་ལ་སྒོར8000ཀྱི་བྱ་དགའ་ཡོད། ཨང་གསུམ་པ་ལ10ཡོད། རེ་རེ་ལ་སྒོར་སྟོང5000ཡི་བྱ་དགའ་ཡོད། ཁྱོན་བསྡོམ་སྒོར་ཁྲི151000ཡིན། 

༣ ཁྲོམ་གྱི་འགྲན་བསྡུར་ལ། ཨང་དང་པོ་གསུམ་ཡོད། རེ་རེ་ལ་སྒོར10000ཡི་བྱ་དགའ་ཡོད། ཨང་གཉིས་པ་བདུན་ཡོད། རེ་རེ་ལ་སྒོར6000གི་བྱ་དགའ་ཡོད། ཨང་གསུམ་པ10ཡོད། རེ་རེ་ལ་སྒོར4000ཡི་བྱ་དགའ་ཡོད། ཁྱོན་བསྡོམ་སྒོར་ཁྲི112000ཡིན།

༤ འབྲོག་ཁྱིའི་འགྲན་སྡུར་ལ། ༼ རྨ་ཁུག་གི་འབྲོག་ཁྱི་མིང་གྲགས་ཅན་བཅུ ༽ འདེམ་རྒྱུ་ཡིན་ལ། རེ་རེར་སྒོར10000གི་བྱ་དགའ་ཡོད། ཁྱོན་སྒོར་ཁྲི10ཡིན། གོང་གི་བྱ་དགའ་ལ་ཁྱོན་བསྡོམ་སྒོར་ཁྲི36.3ཡིན།(ཁྲལ་འདུས་ཡོད)

བརྒྱད།  མིང་ཐོ་འགོད་ཡུན།

2017ལོའི་ཟླ7པའི་ཚེས13ཉིན་ནས་ཟླ8པའི་ཚེས11བར(ལུགས་རྙིང་གི་ཟླ་6པའི་ཚེས22ནས6པ་རྗེས་མའི་ཚེས20)དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

དགུ  སླེབས་ཐོ་འགོད་ཡུན།

2017ལོའི་ཟླ8པའི་ཚེས12ཉིན་གྱི་ཕྱི་དྲོ་དུས་ཚོད14:30__ཟླ8པའི་ཚེས13ཉིན་གྱི་སྔ་དྲོ་དུས་ཚོད12:00བར་ཡིན། (ལུགས་རྙིང་གི་ཟླ6པའི་ཚེས21ནས6པ་རྗེས་མའི་ཚེས22བར) དུས་ལས་འགྱངས་ཚེ་མིང་ཐོ་མི་འགོད།

བཅུ།  འགྲན་བསྡུར་དུས་ཚོད།

2017ལོའི་ཟླ8པའི་ཚེས13ནས14བར་ཡིན། (བརྒྱད) བྱ་འགུལ་གཞུང་ལས་ཁང་། འབྲེལ་གཏུགས་ཁ་པར། 0941__6121461 གཟུགས་འཕྲིན། 0941__6121461 འབྲེལ་གཏུགས་པ། སྐུ་ཞབས་ཙོང་། 13893934076 སྐུ་ཞབས་མཱ། 13909410162 གསུམ། རྨ་ཆུ་རྫོང་གི་སྐབས་བཅུ་གཅིག་པའི་གེ་སར་རྟ་རྒྱུག་དུས་སྟོན་དང་སྐབས་ལྔ་བའི་ནོར་གནག་བོད་ལུག་ལ་བོ་གཤིབ་བསྡུར་འགྲན་ཚོགས་གྱི་ཞིབ་ཕྲའི་ཆ་འཕྲིན་དྲ་ཚིགས་ལ་གཟིགས་རོགས།

1.中国甘南网“首页—新闻发布会” (http://www.gannancn.cn/)
2.关注甘南头条(ID:gannantt)
3.玛曲网“首页—玛曲动态”
4.“魅力玛曲”手机客户端。

སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམས་མི་རིགས་ལུས་རྩལ་འགྲན་ཚོགས་དང་རྨ་ཆུའི་དམངས་སྲོལ་མཛེས་ལྗོངས་ལ་མྱོང་རོལ་དུ་ཕེབས་པར་དགའ་བསུ་ཞུ། ཀན་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་མཐུན་ཚོགས། རྨ་ཆུ་རྫོང་ནོར་གནག་དང་བོད་ལུག་མཐུན་ཚོགས། རྨ་ཆུ་རྫོང་ལ་བོའི་མཐུན་ཚོགས།

2017ལོའི་ཟླ7པའི་ཚེས10ཉིན།   

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།