ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཞི་བའི་འབྲུག་ཆུའི་དམངས་སྲོལ་གོམས་འདྲིས་ཆ་ཡིག་རིག་གནས་དུས་ཆེན་དང“རྒྱུད་གཅིག་ལམ་གཅིག”རང་རྒྱལ་གྱི་གནའ་བོའི་རིག་གནས་དང་ཚུའེ་ཧྥུན་རི་བོའི་མཐོ་རིམ་གླེང་སྟེགས་ཧྥུན་ཏས་མཁར་གསར་དུ་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སྐབས་བཞི་བའི་འབྲུག་ཆུའི་དམངས་སྲོལ་གོམས་འདྲིས་ཆ་ཡིག་རིག་གནས་དུས་ཆེན་དང“རྒྱུད་གཅིག་ལམ་གཅིག”རང་རྒྱལ་གྱི་གནའ་བོའི་རིག་གནས་དང་ཚུའེ་ཧྥུན་རི་བོའི་མཐོ་རིམ་གླེང་སྟེགས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཧྥུན་ཏས་མཁར་གསར་དུ་འགོ་བརྩམས།

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་མཛད་སྒོ་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་གཏམ་བཤད།

ཁུལ་གྱི་འགོ་ཁྲིད་པ་ཞུས་ཆང་དང་ཝང་ཡུང་། དབྱང་ཝུའུ། ལི་རུའེ་ཕིན། ཝང་ཡ་ནན། ཏུང་ཀྲིན་གོ ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་དང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་པ་མཛད་སྒོར་ཞུགས་ཤིང། རང་རྒྱལ་གྱི་གནའ་བོའི་རིག་གནས་ཀྱི་ཆེད་མཁས་པ་དང་སྨྱན་བྱད། ཡུལ་སྐོར་ལས་དོན་ཁང་སོགས་ཀྱི་འབྲེལ་ཡོད་མི་སྣ་མཛད་སྒོར་ཞུགས།

མཛད་སྒོའི་སྟེང་བཀྲ་ཤིས་འཚོ་ཡིས་ཀན་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དཔལ་འབྱོར་གོང་འཕེལ་གྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཁོ་མོས་ཉེ་བའི་ལོ་འགའི་རིང་ལ། ལྷག་པར་དུ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས་པ་ནས་བཟུང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཁོག་ལ་གཅིག་གྱུར་འཆར་འགོད་སྐུལ་འདེད་དང་། “ཕྱོགས་ཡོངས་ལྔ”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་བྱེད་པར་དམ་པོར་འབྲེལ་ནས“གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། ལོངས་སྤྱོད”བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ལྔ་འཛུགས་སྐྲུན་བྱས་ནས། ཕྱོགས་ཡོངས་ནས “ཁོར་ཡུག་གསར་བརྗེ་ཡི་རིམ་འཕར་རྣམ་པ”ཤུགས་ཡོད་ཀྱིས་འཛུགས་སྐྲུན་བྱས་ཤིང་། 2016ལོར། ཁུལ་ཡོངས་ཀྱི་ཡུལ་སྐོར་བའི་མི་གྲངས་ཐེངས་དང་པོར་མི་ཐེངས་ཁྲི་སྟོང་ལས་བརྒལ་ནས་ཀན་ལྷོ་བོད་ཁུལ་མི་རྣམས་ཀྱི་དག་པའི་ཞིང་ཁམས་སུ་གྱུར་ཞེས་བཤད།

འབྲུག་ཆུ་རྫོང་ཨུའི་ཧྲུའུ་ཅི་ཧྲི་ཧྭ་ཞུང་གིས་ཤིས་ཚིག་ཕུལ།

མཛད་སྒོ་འབྲུག་གར་སེང་རྩེད་ཅེས་པའི་འཁྲབ་སྟོན་ཁྲོད་འགོ་བརྩམས་པ་དང་། དར་གོས་ཀྱིས་སྤྲས་པའི་བུ་བུ་མོ་རྣམས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོར་སྣེ་ལེན་གཟབ་རྒྱས་བྱས། འབྲུག་ཆུར་མེ་ཏོག་བཞད་པ དངནན་ཡུས་ཀྱི་ལོ་ལོ་གར ཁྱེད་ཉིད་ཡང་བསྐྱར་འབྲུག་ཆུར་ཕེབས་རོགས་ཞུསོགས་འཁྲབ་སྟོན་གྱིས་ལྟད་མོ་བའི་མིག་དབང་ཅིག་ཅར་འཕྲོག

དེའི་སྐབས་སུ། འབྲུག་ཆུ་རྫོང་གི་རིག་གནས་དམངས་སྲོལ་ལོ་རྒྱུས་དཔེ་དེབ་ཐོག་མར་འགྲེམ་པའི་མཛད་སྒོ་དང2017ལོའི་འབྲུག་ཆུའི་རྒྱལ་སྤྱིའི་ཟས་རིགས་དུས་ཆེན་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།