ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱིPPPལས་གཞི20ལ་གན་རྒྱ་བཞག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱིPPPལས་གཞིའི་མ་དངུལ་བསྡུ་སྒྲིལ་དང་འཛུགས་སྐྲུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་ཏུན་ཧོང་གྲོང་ཁྱེར་དུ་སྤེལ་བ་རེད། ཚོགས་འདུའི་ཐོག་ལས་གཞི20གཅིག་སྡུད་ཐོག་གན་རྒྱ་བཞག་པར་ཚོད་རྩིས་རགས་ཙམ་བྱས་ན་མ་དངུལ་སྒོར་དུང་ཕྱུར740.5ལ་བསླེབས།

དེའི་ནང་གཞུང་ལམ་ལས་གཞི13གྱི་ལམ་ཐག་ཧྲིལ་བོར་བསྡོམས་པས་སྤྱི་ལེ1332ལ་མ་དངུལ་སྒོར་དུང་ཕྱུར250.5བསྡུ་སྒྲིལ་ཐུབ་པ་དང་། ལྕགས་ལམ་ལས་གཞི4(མྱུར་བགྲོད་ལྕགས་ལམ་ལས་གཞི)ལ་མ་དངུལ་སྒོར་དུང་ཕྱུར200བསྡུ་སྒྲིལ་ཐུབ་པ། དམངས་སྤྱོད་མཁའ་འགྲུལ་ལས་གཞི་གཅིག (ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གི་སྐོར་ཐེངས་གསུམ་པའི་རྒྱས་བསྐྲུན་ལས་གྲྭ)ལ་མ་དངུལ་སྒོར་དུང་ཕྱུར120བསྡུ་སྒྲིལ་ཐུབ་པ། གཞན་ཡང་དངུལ་རྩའི་གྲོས་མཐུན2བཞག་པ་དང་མ་རྩའི་དངུལ་བསྡུ་སྒྲིལ་གྱི་འཆར་གཞིའི་གྲོས་མཐུན་ལ་ཡིད་རྟོན་དངུལ་གྲངས་སྒོར་དུང་ཕྱུར170ཟིན་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།