ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས“ལྔ་བཞིའི་ལས་འགུལ”ལོ་འཁོར98ལོན་པར་རྗེས་དྲན་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༣.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ལྔ་བཞིའི་ལས་འགུལ”ལོ་འཁོར98ལོན་པར་དྲན་རྟེན་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་དང་ན་གཞོན་སྨྱད་བྱད་གསར་བའི་མནའ་འབྲེལ་འཛུགས་པའི་ཚོགས་ཆེན་བསྡུས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞུས་ལིན་གྲོས་ཚོགས་སུ་ཞུགས་ཤིང་ཀན་ལྷོ་ཁུལ་ན་གཞོན་སྨྱན་བྱད་གསར་བའི་མནའ་འབྲེལ་གྱི་སྒོ་བྱང་བཀལ།

ཚོགས་ཐོག་ཏུ། ཀན་ལྷོ་ཁུལ་གྱི་ཕུལ་བྱུང་ན་གཞོན་དང་། ཕུལ་བྱུང་གུང་གཞོན་ཚོགས་མི། ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པ། ལྔ་བཞིའི་དར་དམར་གྱི་གུང་གཞོན་ཚོགས་པ། ལྔ་བཞིའི་དར་དམར་གྱི་གུང་གཞོན་ཚོགས་པའི་ཀྲི་པུའུ། ན་གཞོན་བྱ་གཞག་གསར་གཏོད་མཁན། ཕུལ་བྱུང་ན་གཞོན་འཐུས་ཚབ་པར་གཟེངས་བསྟོད་བྱས།

གྲོས་ཚོགས་ཀྱིས་ན་གཞོན་སྨྱན་བྱད་གསར་བའི་མནའ་འབྲེལ་བཙུགས་པ་དེས་རང་ཁུལ་གྱི་འབྲེལ་མཐུད་དྲ་རྒྱའི་བཀོལ་སྤྱོད་དང་རང་སྒེར་སྨྱན་བྱད་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་དེ་བས་ཚད་མཐོ་རུ་སླེབས་པ་མཚོན་ཡོད། ཁུལ་ཡོངས་ཀྱི་ན་གཞོན་ཚོས་རང་ནུས་ཡོད་རྒུས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་པར་ལང་ཚོའི་ནུས་ཚད་འབུལ་དགོས་ཞེས་བསྟན།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་བགོས་དྲུང་ཡིག་ཆེན་མོ་དང་ཁུལ་ཚན་རྩལ་ཅུས། གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགན་ཁུར་བ་དང་། ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་ཕུལ་བྱུང་ན་གཞོན་འཐུས་ཚབ་པ་དང་ཁུལ་གྱི་སྨྱན་བྱད་གསར་བའི་འགན་ཁུར་བ་མི150ལྷག་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།