ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས” ཀྱི་སྐབས་བརྗེ་བྱ་བ་ཕྱོགས་ཡོངས་ནས་གྲུབ་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2017-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བྱ་བ་འགོ་བརྩམས་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་མཐོང་ཆེན་ཚད་མཐོན་པོ་བྱས་ཤིང་གཟབ་ནན་སྒོས“ཁེ་ཕན་གསུམ”དང“ནན་འཛིན་བཞི”“སྔོན་འགོག་གསུམ”“ནན་འགོག་ལྔ”ཡི་བླང་བྱ་ལྟར། ཇུས་འགོད་དམ་འཛིན་དང་བཀོད་སྒྲིག་དམ་འཛིན། ཚད་ལྡན་དམ་འཛིན། བདམས་སྦྱོར་དམ་འཛིན་བཅས་བྱས་ནས། ཁུལ་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བྱ་བ་དུས་ལྟར་བདེ་བླག་ངང་གྲུབ།

རྩ་འཛུགས་འཐུས་ཚང་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་སྐབས་བརྗེ་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་པས། རྩ་འཛུགས་འགོ་ཁྲིད་གནས་སུ་ཐོན་པ། ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་དང་ཁུལ་སྲིད་གཞུང་གི་རྒྱུན་ཨུའི་གྲོས་ཚོགས་ཀྱིས་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། སྡེ་བ་དང་སྡོད་ཁུལ་གྱི་སྐབས་བརྗེ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་དང་སྐབས་བརྗེ་བྱ་བའི་མཛུབ་སྟོན་དང་སྐབས་བརྗེ་ཀུན་སྤྱོད་ལ་སྐོར་སྐྱོད་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ནས། རྫོང་སོ་སོ་དང་གྲོང་ཁྱེར་དུ་སོང་ནས་སྐབས་བརྗེ་བྱ་བར་མཛུབ་སྟོན་བྱས།

དྲིལ་བསྒྲགས་གཏིང་ཟབ་དང་གསོ་སྦྱོང་ལ་ཤུགས་སྣོན་བྱས་ནས་སྐབས་བརྗེ་ཁོར་ཡུག་ལེགས་པོ་བསྐྲུན་པ། གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་བསྣན་པ། རྒྱང་བསྒྲགས་དང་བརྙན་འཕྲིན། ཀན་ལྷོའི་ཏང་འཛུགས་དྲ་བ། ཚགས་པར་དང་དུས་དེབ། འཕྲེད་འགེལ་སྦྱར་ཚིག ནག་པང་ཚགས་པར་སོགས་ཐབས་ལམ་མང་པོ་སྤྱད་དེ་ཤུགས་ཆེན་སྒོས་སྡེ་བ་དང་ཚན་ཆུང་གི་སྐབས་བརྗེ་བྱ་བའི་གལ་ཆེན་རང་བཞིན་དང་སྲིད་ཇུས་ཀྱི་གོ་རིམ་དང་སྒྲིག་ཁྲིམས་ཀྱི་བླང་བྱ་དྲིལ་བསྒྲགས་བྱས།

གོ་རིམ་འཐུས་ཚང་དུ་བཏང་བ་དང་ཁྲིམས་ལྟར་བཀོལ་སྤྱོད་བྱས་ནས་སྐབས་བརྗེ་བྱ་བའི་གནད་འགག་གི་ལྷུ་ཚིགས་ནན་སྲུང་བྱ་དགོས། ནོར་སྲིད་དང་རྩིས་བཤེར་གྱི་གནད་འགག་ནན་སྲུང་བྱས་ནས་རྫོང་སོ་སོ་དང་གྲོང་ཁྱེར་གྱིས་སྒྲིག་བཤེར་དང་རྩིས་བཤེར། ནོར་སྲིད་སོགས་སྡེ་ཚན་གྱིས་གྲུབ་པའི་རྩིས་བཤེར་སྡེ་ཚན་གྱིས་སྐབས་སྔོན་མའི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་འགན་ཁུར་ཡུན་གྱི་སྡེ་བ་རིམ་པའི་ནོར་སྲིད་གཏོང་ཡོང་དང་སྤྱི་བའི་རྒྱུ་རྫས་དོ་དམ་དང་བེད་སྤྱོད། སྡེ་བ་རིམ་པའི་བུན་དབང་བུ་ལོན་གནས་ཚུལ་དང་། ཏང་ཡོན་དང་མང་ཚོགས་ལ་བསམ་འཆར་མང་པོ་ཡོད་པའི་ནོར་དོན་གྱི་གནད་དོན་གཞན་དག་སོགས་ཕྱོགས་ཡོངས་ནས་རྩིས་བཤེར་བྱས་པ་མ་ཟད། དུས་ཐོག་ཏུ་ཡོངས་བསྒྲགས་བྱས། བདམས་བྱའི་འོས་མིའི་ཚད་གཞི་ནན་སྲུང་བྱས་པ་དང་། དམངས་གཙོའི་འདེམས་བསྐོ་ནན་སྲུང་བྱས་པ། མཐུན་སྦྱོར་དང་མཛུབ་སྟོན་ནན་སྲུང་བཅས་བྱས་ནས། ཁུལ་ཡོངས་སུ་བསྡོམས་པས་སྐབས་བརྗེ་བྱ་བའི་འགོ་ཁྲིད་ཚན་ཆུང358མངགས་ནས་ཤང་དང་གྲོང་རྡལ་གྱི་སྐབས་བརྗེ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་རོགས་སྐྱོར་བྱས།

དངོས་ཐོག་བདེན་འཚོལ་དང་གནས་བབ་དང་བསྟུན་པར་བྱས་ནས། སྐབས་བརྗེ་བྱ་བ་ཁྲིམས་ལྟར་སྤེལ་བ་ཁག་ཐེག་བྱས།  བདམས་ཐོན་འགྲན་བསྡུར་བྱ་ཐབས་འཚོལ་ཞིབ་བྱས་ནས་ཤུགས་ཆེན་སྒོས་བདམས་བྱའི་འོས་མི་མེད་པར་ཐད་ཀར་དུ་འདེམས་བསྐོ་བྱེད་སྟངས་དར་སྤེལ་བྱས་ནས། དམངས་གཙོའི་འདེམས་བསྐོ་གང་ལེགས་སྒོས་མཚོན་པར་བྱས་ཤིང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་བདམས་ཐོན་ལ་གསོན་ཤུགས་གསར་བ་བསྣན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།