ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་འབྲེལ་གཉིས་བྱ་འགུལ་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་འབྲེལ་གཉིས་བྱ་འགུལ་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་པ་དང་། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་སྤྱིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམ་པོར་བསྙེགས་པ། ཚན་རིག་གིས་བྱ་བའི་གནད་ས་གཏན་ཁེལ་བྱས་པ་དང་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་འཛིན་བྱས་པས། འབྲེལ་གཉིས་བྱ་འགུལ་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ།

རྩ་འཛུགས་འགོ་ཁྲིད་དལ་ཤུགས་བསྣན་ཏེ་བཀོད་སྒྲིག་ཟབ་མོ་བྱས་པ། ཁུལ་ཨུས་འབྲེལ་གཉིས་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བར་མཐོང་ཆེན་བྱས་པ་དང་། ཁུལ་ཨུའི་འགོ་ཁྲིད་པ་གཙོ་བོ་དང་ལས་བགོས་འགོ་ཁྲིད་པས་གཙོ་འགན་ཁུར་ནས་སྔ་གཞུག་ཏུ་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་དང་འབྲེལ་གཉིས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཤིང་།2016ལོའི་འབྲེལ་གཉིས་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བར་དཔྱད་ཞིབ་བྱས་པའི་མཇུག་འབྲས་དང་སྔོན་ཐོན་དང་ཕུལ་བྱུང་བདམས་པའི་གནས་ཚུལ། དེ་མིན《2017ལོའི་འབྲེལ་གཉིས་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བའི་གནད་ས》སོགས་ཀྱི་ནང་དོན་ལ་རེ་རེ་བཞིན་ཆེད་དོན་ཞིབ་འཇུག་བྱས།

རྟོག་ཞིབ་ཟབ་མོ་བྱས་ཏེ་འཐབ་ཇུས་གོ་གནས་གཏན་ཁེལ་བྱས་པ། བྱ་བའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་དབྱེ་ཞིབ་བྱ་ཆེད། 2017ལོའི་བྱ་བ་བཀོད་སྒྲིག་ཏན་ཏིག་བྱས་པ་དང་། ཚན་ཁག་ཆེན་པོ་བཞིའི་ལས་བགོས་འགོ་ཁྲིད་པས་སོ་སོར་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་ཁྲིད་དེ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར8དང་ཁུལ་ཐད་གཏོགས་ཀྱི་སྡེ་ཁག14ཡི“ཞིང་གསུམ”དང་འབྲེལ་གཉིས་བྱ་བར་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་པས། སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་རྟོག་ཞིབ་སྙན་ཞུ་དང་ཁུལ་ཨུའི་ཡིག་ཆ་དང་པོ་གྲུབ་ཅིང་། འབྲེལ་གཉིས་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བ་དེ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དང་རོང་འབྲོག་སྡེའི“3263”གྱི་འཕེལ་རྒྱས་འཐབ་ཇུས་སུ་འཇུག་རྒྱུ།

གསོ་སྦྱོང་གི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ་གསོ་སྦྱོང་གི་འབྲས་བུ་ཁག་ཐེག་བྱས་པ། ཁུལ་ཡོངས་ཀྱི་ཞིང་སྡེ་བྱ་བའི་གཞུང་སྒྲུབ་མ་ལག་གི་ལས་བྱེད་པའི་དཔུང་སྡེའི་ནུས་པའི་བྱང་ཚད་མཐོར་འདེགས་སུ་གཏོང་ཆེད། བསམ་གཞིགས་གསར་གཏོད་དང་མཐོང་རྒྱ་བསྐྱེད་དེ། ཧུར་བརྩོན་གྱིས་རྩ་འཛུགས་དང་དབུལ་སྐྱོར། གོང་འཕེལ་བཅོས་སྒྱུར། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གི་གསོ་སྦྱོང་ཐོན་ཁུངས་བརྩོན་ལེན་བྱས་ཏེ། ཞིང་སྡེ་བྱ་བའི་གཞུང་སྒྲུབ་མ་ལག་གི་རྐང་འཛིན་སྟོབས་ཤུགས་རྩ་འཛུགས་བྱས་ནས་ནན་ཁའེ་སོགས་མཐོ་རིམ་སློབ་གླིང་དང་ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་ཁུལ་དང་གྲོང་ཁྱེར་དུ་སོང་ནས་གསོ་སྦྱོང་བྱ་འགུལ་སྤེལ།

མིག་སྔའི་གནས་བབ་ལ་གཞིགས་ནས་གནད་སའི་བྱ་བ་བཟང་བོ་བསྒྲུབས་པ། ཁུལ་ཨུས་འབྲེལ་གཉིས་འགོ་ཁྲིད་ཚན་ཆུང་གིས་ཟླ་གསུམ་པའི་ཟླ་སྟོད་དུ《ཟླ་གསུམ་དང་བཞི་བར་འབྲེལ་གཉིས་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར》པར་འགྲེམ་བྱས་ཏེ། གཙོ་བོ་ཁུལ་ཡོངས་ཀྱི་འབྲེལ་གཉིས་བྱ་འགུལ་ལ“ཡོངས་ཁེབས་གཉིས”མངོན་འགྱུར་འབྱུང་བ་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པ། གནད་ཁེལ་དབུལ་སྐྱོར་དང་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་སོགས་ཀྱི་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།

ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་གཏོང་བར་འགན་འཁྲི་ལ་བརྟེན་ཞིང་གནད་ས་འབུར་ཐོན་བྱེད་པར་དོན་འཁྱོལ་དམ་འཛིན་བྱས་པ། དུས་ཚིགས་རེ་ལ་ལྟ་སྐུལ་ཞིབ་བཤེར་རེ་དང་དུས་ངེས་གཏན་མེད་པར་ཞིབ་བཤེར་བྱེད་པ། རྫོང་དང་གྲོང་ཁྱེར་གྱིས་ཕན་ཚུན་ཞིབ་བཤེར་བྱེད་པ་སོགས་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་མང་པོ་བཙུགས་ཤིང་། ལྟ་སྐུལ་ཞིབ་བཤེར་ཇུས་གཞི་གཏན་འབེབས་དང་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གསལ་བོ་བྱས་ནས། ཞིང་སྡེའི་བྱ་བའི་གཞུང་སྒྲུབ་མ་ལག་ཁག་ཐེག་བྱས་པ་དང་རིམ་པ་སོ་སོའི་འབྲེལ་གཉིས་སྡེ་ཚན་དང་སྡེ་བར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་བྱ་བའི་རུ་ཁག་གི་འགན་འཁྲི་གཙོ་བོ་དམིགས་ཐོག་ཏུ་འབྱོར་རྒྱུ་དོན་འཁྱོལ་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།