ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གི་འབྲེལ་གཉིས་ལས་བྱུང་བའི་འགྱུར་ལྡོག

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཕེལ་རྒྱས་ལ་ཁ་ཕྱོགས་གསལ།། ཕྱུག་འགྱུར་ལ་ངར་ཤུགས་ལྡན།།

འབྲེལ་གཉིས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་དེ། ལིན་ཐན་རྫོང་གི་སྡེ་བ་རེ་རེའི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། མང་ཚོགས་ཀྱི་འཚོ་བར་ཡིད་ཆེས་ཀྱིས་ཕྱུག་པ་དང་། འཕེལ་རྒྱས་ལ་ཁ་ཕྱོགས་གསལ་ཞིང་ཕྱུག་འགྱུར་ལ་ངར་ཤུགས་ལྡན།

མང་ཚོགས་ཀྱི་བདེ་སྡུག་ཡིད་ལ་བཅངས་ཤིང་དམངས་འཚོའི་སྐྱིད་སྡུག་སེམས་སུ་ཉར། ལིན་ཐན་རྫོང་གིས་འབྲེལ་གཉིས་བྱ་འགུལ་དེ་དེང་རབས་རོང་འབྲོག་སྡེའི་འཕེལ་རྒྱས་ཀྱི་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ། ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་ངལ་ལས་དཔལ་འབྱོར་གོང་དུ་སྤེལ་བ་དང་། རོང་འབྲོག་པའི་རང་ངོས“ཁྲག་བཟོའི”ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས། ཤུགས་ཆེན་གྱིས“གཅིག་ཅན་གསུམ”གྱི་ལས་གྲྭ་ལག་ལེན་དུ་བསྟར་བ་དང་། རོང་འབྲོག་སྡེའི་ཁྱད་ལྡན་ཐོན་ལས་སྔར་ལས་ཇེ་རྒྱས་སུ་བཏང་སྟེ་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་རྒྱ་བསྐྱེད།

ཤུགས་ཆེན་གྱིས་སྡེ་བ་རིམ་པའི་རོགས་རེས་ཁང་གོང་འཕེལ་བཏང་ཞིང་མང་ཚོགས་ལ་མ་དངུལ་བསྡུ་སྒྲིལ་བྱེད་པར་སྐུལ་ལྕག་བྱས་པ་དང་། རོགས་རེས་ཁང་བེད་སྤྱད་དེ་ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་ཁུར་བྱས་ཏེ་རོང་འབྲོག་པ་མང་ཚོགས་ཀྱི་ནང་སེམས་ཀྱི་སྒུལ་ཤུགས་སྐུལ་ལྕག་བྱས། ཉེ་བའི་ལོ་གཉིས་ལ། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བར་རོགས་རེས་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ་དང་། མ་དངུལ་སྤྱིའི་གཞི་ཁྱོན་སྒོར་ཁྲི 3698ལ་བསླེབས། རིམ་བརྩིས་བྱས་ན་འབྲེལ་གཉིས་ཀྱི་སྐྱི་དངུལ་སྒོར་དུང་ཕྱུར 2.15དང་གནད་ཁེལ་དབུལ་སྐྱོར་གྱི་སྐྱི་དངུལ་སྒོར་དུང་ཕྱུར་ 3.97འགྲེམ་གཏོང་བྱས།

རིམ་པ་སོ་སོའི་སྡེ་འབྲེལ་སྡེ་ཚན་གྱི་འགོ་ཁྲིད་པ་གཙོ་བོས་དངོས་སུ་དམ་འཛིན་བྱས་པ་དང་སྔོན་ལ་སྒྲུབ་པ། ཁྱིམ་འབྲེལ་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྡེ་བ་དང་ཁྱིམ་ཚང་རེ་རེར་འབྲེལ་བ་བྱས་པ་དང་འདྲི་རྩད་བྱེད་དུ་སོང་ནས་འགལ་བའི་གནད་དོན་རྩད་ཞིབ་བྱས་ཤིང་ཐག་བཅད།

 རིམ་པ་སོ་སོའི་འབྲེལ་གཉིས་ལས་བྱེད་པ་ཞིང་སྡེར་ཟབ་ཞུགས་བྱས་པ་དང་། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་དང་མཉམ་ཟ་མཉམ་འདུག  མཉམ་དུ་ངལ་རྩོལ་བྱས་ཏེ་མང་ཚོགས་ཀྱི་དོན་དག་རང་གི་དོན་ལྟར་སྒྲུབ་པ་དང་། ཧུར་བརྩོན་གྱིས་དཀའ་ཁག་ཅན་གྱི་མང་ཚོགས་ལ་ཐབས་འདོན་ཇུས་འབུལ་བྱས་ཤིང་ཕྱུག་འགྱུར་གྱི་ཐབས་ལམ་གྲོས་བསྡུར་བྱས།།    

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།