ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་ཆོས་ལུགས་བྱ་འགུལ་སྤེལ་སའི་ མེ་སྐྱོན་རྐྱེན་ངན་རྩད་ཞིབ་བཅོས་སྒྲིག་བྱ་བ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙོས་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་བྱས་པ་དང་མི་རིགས་ཆོས་ལུགས་ཅུས་དང་བདེ་འཇགས་ཞིབ་བཤེར་ཅུས། མེ་གསོད་རུ་ཁག གློག་ཤུགས་སོགས་འབྲེལ་ཡོད་སྡེ་ཁག་གི་མཉམ་འབྲེལ་རྟོག་ཞིབ་ཚོགས་པ་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པར་གཟབ་ནན་སྒོས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་སྒྲིག་བཅོས་ཀྱི་བྱ་བ་སྤེལ།

མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་གིས་གྲོང་ཁྱེར་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་མེ་གསོད་མེ་འགོག་གི་བདེ་འཇགས་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་དང་ཚོགས་ཆེན་འདུ་ཁང་ནང་གི་མེ་སྐྱོན་སྔོན་འགོག་བྱ་ཐབས། གློག་ཤུགས་སྒྲིག་ཆས་བཀོད་སྒྲིག་གནས་ཚུལ་སོགས་ལ་ཞིབ་བཤེར་ནན་མོ་བྱས། རྩད་ཞིབ་ལས་བྱུང་བའི་མངོན་མེད་རྐྱེན་ངན་དག《གློག་ཤུགས་བཅའ་ཁྲིམས》དང《གློག་འདོན་ཚོང་གཉེར་སྒྲིག་སྲོལ》ལྟར་བཅོས་སྒྲིག་བྱས་པ་མ་ཟད། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གསལ་བརྡ་ཡི་གེ་བཀྲམ་ཞིང་། དགོན་སྡེ་རེ་རེ་ཡིས་མེ་སྐྱོན་མངོན་མེད་རྐྱེན་ངན་གྱི་བདེ་འཇགས་རྩིས་ཁྲ་བཟོ་དགོས་པའི་བླང་བྱ་བཏོན། གློག་ཤུགས་དང་མེ་གསོད་མེ་འགོག་སྡེ་ཁག་གི་ལས་སྒོའི་རྐང་འཛིན་པས་གྲྭ་བ་རྣམས་ལ་མེ་སྐྱོན་བདེ་འཇགས་ཀྱི་སློབ་གསོ་སྤེལ་ནས་མེ་སྐྱོན་གྱི་བདེ་འཇགས་སྔོན་འགོག་འདུ་ཤེས་མཐོ་རུ་བཏང་།

མཉམ་འབྲེལ་བཅོས་སྒྲིག་བྱས་པ་བརྒྱུད། སྔར་ལས་ལྷག་པར་དུ་ཆོས་ལུགས་བྱ་འགུལ་སྤེལ་སའི་མེ་གསོད་མེ་འགོག་བདེ་འཇགས་ལ་ཤུགས་བསྣན་ཞིང་ཆོས་ལུགས་བྱ་འགུལ་སྤེལ་སའི་མེ་སྐྱོན་མངོན་མེད་རྐྱེན་ངན་སྔོན་འགོག་ལ་རྨང་གཞི་བརྟན་པོ་བཏིངས་སོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།