ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གིས་པད་ཁའི་མེ་ཏོག་མྱོང་རོལ་བྱ་ཡུལ་ཧུར་ཐག་བཏོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀན་སུའུ་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བར་གཞིགས་ན། “ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་ཆེད། འབྲུག་ཆུ་རྫོང་གིས་ས་གནས་ཀྱི་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་འབྲུག་ཆུའི་རྒྱུད་དུ“བོད་ཡུལ་གྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་པད་ཁའི་མེ་ཏོག་མྱོང་རོལ་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

ཉེ་བའི་ལོ་ཤས་རིང་དགུན་འདེབས་པད་ཁ་ཁྱབ་གདལ་ཤུགས་ཆེན་བཏང་བའི་དབང་གིས་འབྲུག་ཆུའི་ངོགས་གཉིས་ཀྱི་དཔྱིད་ཀའི་པད་ཁའི་མེ་ཏོག་འབྲུག་ཆུ་དྲིལ་བསྒྲགས་བྱེད་པའི“མིང་བྱང”ཞིག་ཏུ་གྱུར་པ་དང་འབྲེལ་ཡུལ་སྐོར་བ་དེ་བས་མང་བ་ཞིག་གི་དཔྱིད་དུས་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་རིམ་པས་གྱུར་ཡོད། ལོ་ལྟར་དཔྱིད་གསར་དུས་ཆེན་བཏང་ཚར་མ་ཐག་ས་ཆ་མི་ཉུང་བ་ཞིག་ཏུ་སྔར་བཞིན་གནམ་གཤིས་གྲང་ངར་ཆེ་ཞིང་ས་འཁྱགས་པའི་སྐབས་སུ་འབྲུག་ཆུའི་པད་ཁའི་མེ་ཏོག་བཞད་འགོ་ཚུགས་ཏེ་ཡུལ་སྐོར་བ་མང་པོ་དེར་རྒྱུན་ཆད་མེད་པར་འགྲོ་བས་ས་གནས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་ཚོང་ལས་ཀྱི་གོ་སྐབས་མང་པོ་བྱུང་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།