ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་དབུལ་སྐྱོར་འགན་བཅོལ་གྱི་གསར་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ལོ་ནས་བཟུང་། རང་ཁུལ་གྱིས་མུ་མཐུད་དུ་དབུལ་སྐྱོར་རྣམ་པ་གསར་སྐྲུན་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་ནས་ལྔ་སྐྱོང་ཁྱིམ་ཚང་དང་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་། ཁེར་ཧྲེང་རྒན་འཁོགས་བཅས་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་དང་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་འཚོལ་ཞིབ་བྱས་ཏེ་ལག་བསྟར་བྱས། དེ་ནི་སྲིད་གཞུང་དང་འགན་བཅོལ་ཀུང་སིས་མཉམ་དུ་ད་དངུལ་བཏོན་ཞིང་། གྲོང་གསེབ་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲོད་ཀྱི་ལྔ་སྐྱོང་ཁྱིམ་ཚང་དང་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་། ཁེར་ཧྲེང་རྒན་འཁོགས་ལ་དམིགས་སུ་བསྒྲུབས་པའི་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་དང་ནད་གཞི་ཚབས་ཆེན་གྱི་འགན་བཅོལ་ནང་ཞུགས་སུ་འཇུག་པའི་ལས་གཞི་ཞིག་ཡིན་པ་མ་ཟད། རིམ་བཞིན་སྤྱིར་བཏང་དབུལ་ཕོངས་ཁྱིམ་ཚང་ལ་ཁེབས་ངེས་རེད།

ལག་བསྟར་བྱ་ཐབས་ཀྱི་སྟེང་ནས། རང་ཁུལ་གྱིས་ཚོགས་པའི་འགན་བཅོལ་ལ་བརྟེན་ནས་དཀའ་ཁག་ཅན་རྣམས་འགན་བཅོལ་ནང་ཞུགས་སུ་བཅུག་པ་སྟེ། རྫོང་དང་གྲོང་ཁྱེར་གྱི་དབུལ་སྐྱོར་གཞུང་སྒྲུབ་ཁང་འགན་བཅོལ་ནང་ཞུགས་མཁན་བྱས་ཏེ། ཚོགས་པས་འགན་ཁུར་བའི་བྱ་ཐབས་ཀྱིས་འགན་བཅོལ་ལེན་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་འགན་བཅོལ་ནང་ཞུགས་ཡོན་སྤྲོད་མི་དགོས་པར་འགན་བཅོལ་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་མ་ཟད། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་དང་ནད་ཆེན་རོགས་སྐྱོབ་སྲིད་ཇུས་ཀྱང་མཉམ་དུ་ལོངས་སུ་སྤྱོད་ཐུབ།

ཁུལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ཁྲོད་ཀྱི་ནད་གཞི་དང་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར་བའམ་དབུལ་ཕོངས་བསྐྱར་ལོག་བྱེད་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། དབུལ་སྐྱོར་འགན་བཅོལ་སྲིད་ཇུས་རྗེས་འདེད་བྱས་ན་དབུལ་ཕོངས་ཁྱིམ་ཚང་གི་ཉེན་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ་པས། དབུལ་ཕོངས་མི་གྲངས་ཀྱི་ནད་གཞི་དང་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱིས་དབུལ་ཕོངས་སུ་གྱུར་བའམ་དབུལ་ཕོངས་བསྐྱར་ལོག་བྱེད་པའི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ། ཆེས་མཐར་མྱུར་སྐྱོབ་འགག་སྐྱོབ་དང་། གནད་ཁེལ་དབུལ་སྐྱོར། བརྟན་པོའི་ངང་དབུལ་ཐར་བྱེད་པའི་དམིགས་ཡུལ་འགྲུབ་དགོས། 

ད་ལོར། རྫོང་བདུན་དང་གྲོང་ཁྱེར་གཅིག་གིས་རང་སོ་སོའི་དོན་དངོས་གནས་ཚུལ་དང་བསྟུན་ནས། དབུལ་ཕོངས་འགན་བཅོལ་ནང་ཞུགས་ཚད་ཇེ་མང་གཏོང་དགོས་པ་མ་ཟད། སྤྱིར་བཏང་དབུལ་ཕོངས་ཁྱིམ་ཚང་གི་ཕྱོགས་སུ་རྒྱ་བསྐྱེད་གཏོང་དགོས། མ་དངུལ་སྒོར་ཁྲི 375.7བཏང་ནས་དབུལ་ཕོངས་མི་གྲངས་ཁྲི 4.7འགན་བཅོལ་ནང་ཞུགས་སུ་བཅུག་སྟེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཀྱིས་དབུལ་སྐྱོར་འགན་བཅོལ་སྲིད་ཇུས་ལོངས་སུ་སྤྱོད་ཚད 64%ལ་བསླེབ་ནས། ལོ་མཇུག་ལ་སྨན་བཅོས་འགན་བཅོལ་ཡོངས་སུ་ཁེབས་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་བརྩོན་ལེན་བྱེད་པའི་འཆར་གཞི་བཏོན།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།