ཀྲུང་གོ་བོད་ཀྱི་དྲ་བ།

ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་གཙོས་སུ་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་གཙོས་སུ་ཚོགས།

ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་གལ་ཆེན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་ད་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས2016ལོའི་དཔལ་འབྱོར་དང་སྤྱི་ཆོགས་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་བྱས་པ་ལས་སྔོན་ཐོན་གྱི་རྫོང་དང་གྲོང་ཁྱེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད་དང་ཁུལ་སྲིད་གཞུང་གིས2016ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་བྱས་པ་ལས་སྔོན་ཐོན་སྡེ་ཚན་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད་སྒྲོག་སྦྱང་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་ཡིས2016ལོའི་ཁུལ་སྲིད་གཞུང་དང་རྫོང་དང་གྲོང་ཁྱེར་གྱི་སྲིད་གཞུང་། སྡེ་ཁག་དང་སྡེ་ཚན་གྱི་དམིགས་འབེན་འགན་འཁྲིའི་ཡི་གེར་དཔྱད་ཞིབ་བྱས་པའི་གནས་ཚུལ་བརྡ་ཁྱབ་སྤེལ། 2016ལོའི་དམིགས་འབེན་དོ་དམ་འགན་འཁྲིའི་ཡི་གེ་དཔྱད་ཞིབ་བྱས་པ་ལས་སྔོན་ཐོན་སྡེ་ཚན་ལ་གཟེངས་བསྟོད་བྱས།

ཀྲའོ་ལིན་ཡུན་གྱིས་རྫོང་སོ་སོ་དང་གྲོང་ཁྱེར་དང2017ལོའི་དམིགས་འབེན་དོ་དམ་འགན་འཁྲིའི་ཡི་གེ་བཞག

ཡུས་ཁྲིན་ཧུའེ་ཡིས“གཏན་འཇགས”ནི་གཞི་རྩ་ཡིན་ལ་གྲུབ་འབྲས་དང་ཉམས་མྱོང་ཁྲོད་ནས“ཡིད་ཆེས”མཐོར་འདེགས་སུ་གཏོང་དགོས། “གོང་འཕེལ”ནི་བརྗོད་བྱ་གཙོ་བོ་ཡིན་ལ། གནས་བབ་དང་གོ་སྐབས་ཀྱི་ཁྲོད་ནས“ཆོད་སེམས”ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་ལས་ཁུངས་ཡོད་པའི་འགོ་ཁྲིད་པ་དང་། ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དང་ཁུལ་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། དྲག་སྤྲས་ཉེན་རྟོག་ཀན་ལྷོའི་ཡན་ལག་རུ་ཁག་གི་རུ་གཙོ་དང་ཆབ་སྲིད་ཨུ་ཡོན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་དང་སློབ་གཙོ། ཁུལ་དཔོན་གྱི་ལས་རོགས་པ། ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་སོགས་གྲོས་ཚོགས་སུ་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།