ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གི་གཞུང་འཛུགས་སྒེར་གཉེར་བྱིས་གཉོར་ཁང་དངོས་སུ་སློབ་འགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་གཞུང་འཛུགས་སྒེར་གཉེར་བྱིས་གཉོར་ཁང13དངོས་སུ་སློབ་འགོ་ཚུགས།  དེའི་ནང་དུ་འཛིན་གྲྭ་ཆུང་བ་དང་འབྲིང་བ། ཆེ་བ་བཅས་འཛིན་གྲྭ་རིགས་གསུམ་ཡོད། སློབ་སྔོན་སློབ་གསོའི་བྱིས་པ 1372སློབ་ཞུགས་ཐུབ་པ་མངོན་འགྱུར་བྱུང་ཞིང་།  ཕན་ནུས་ལྡན་པའི་སྒོ་ནས་རྫོང་ཡོངས་ཀྱི་སློབ་སྔོན་སློབ་གསོའི་བྱིས་པ་བྱིས་གཉོར་ཁང་ལ་ཞུགས་དཀའ་བའི་གནད་དོན་ཐག་བཅད།

གཞུང་འཛུགས་སྒེར་གཉེར་གྱི་བྱིས་གཉོར་ཁང་ལེགས་པར་འཛུགས་ཆེད། འབྲུག་ཆུ་རྫོང་གིས་གནས་སུ་ཐོན་པ་གསུམ་དང་འགྱུར་བ་མེད་པར་སྐུལ་འདེད་གཏོང་བ་དངགོམ་པ་བརྟན་པོས་བྱ་བ་སོ་སོར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། 《འབྲུག་ཆུ་རྫོང་གི2016ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མ་གཞུང་འཛུགས་སྒེར་གཉེར་གྱི་བྱིས་གཉོར་ཁང་དུ་ཞབས་ཞུ་བྱེད་པའི་ལག་བསྟར་ཞིབ་ཕྲ》གཏན་ཁེལ་བྱས་ཤིང་། ཡོངས་བསྒྲགས་རྒྱུགས་ལེན་གྱི་བྱ་ཐབས་སྤྱད་དེ་བྱིས་པའི་དགེ་རྒན159གདན་ཞུ་ཞུས། བྱིས་གཉོར་ཁང་དུ་ཡོད་པའི་བྱིས་པ་སློབ་སྔོན་སློབ་གསོའི་གཉོར་གླ་ཁ་གསབ་ཀྱི་ཁོངས་སུ་བཅུག་པ་དང་གཞུང་གཉེར་བྱིས་གཉོར་ཁང་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པས། ཚང་མ་ལོ་རེར་སྒོར1000ཡི་ཚད་གཞི་ལྟར་ཆག་ཡང་དུ་བཏང་།

གཞུང་འཛུགས་སྒེར་གཉེར་གྱི་བྱིས་གཉོར་ཁང་སློབ་འགོ་ཚུགས་པ་ནི་འབྲུག་ཆུ་རྫོང་གི་སློབ་སྔོན་སློབ་གསོའི་རྣམ་པ་གསར་བ་ཞིག་ཏུ་བསླེབས་པ་མཚོན་ལ། སློབ་སྔོན་སློབ་གསོ་གོང་འཕེལ་གྱི་བགྲོད་ལམ་ཡངས་སུ་ཕྱེས་ནས་གཞུང་འཛུགས་བྱིས་གཉོར་ཁང་གི་དགེ་རྒན་གྱི་སྒྲིག་ཁོངས་མི་གྲངས་ཚད་བཀག་ཡོད་པའི་རྣམ་པ་བསྒྱུར་བཅོས་ཐོབ་ཅིང་། རིམ་བཞིན“སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་ཐེ་ཞུགས་བྱེད་པ། ལས་རིགས་ཀྱིས་སློབ་སྟོན། དོ་དམ་དང་ལས་བསྒྲུབ་སོ་སོར་སྐུལ་འདེད་གཏོང་བའི”སློབ་སྔོན་སློབ་གསོའི་རྣམ་པ་ཆགས་པར་དོན་སྙིང་གལ་ཆེན་ལྡན།།                                 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།