ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ལ་ཚོང་རྟགས་གྲགས་ཅན8གསར་དུ་འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཚམས་སྦྱོར་བྱས་པའི་ཚོང་རྟགས9ལ་ཀན་སུའུ་ཞིང་ཆེན་ཚོང་རྟགས་ངོས་འཛིན་བྱེད་པའི་ཆེད་མཁས་ཚོགས་པས་ཡུལ་དངོས་སུ་རྟོག་ཞིབ་དང་དཔྱད་ཞིབ་བྱས་པ་དང་ཞིང་ཆེན་བཟོ་ཚོང་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ནས། ཀན་སུའུ་ཉིན་རེའི་ཚགས་པར་སྟེང་དུ་མངོན་བསྒྲགས་བྱས། ཉེ་ཆར། ཞིང་ཆེན་བཟོ་ཚོང་ཅུས་ཀྱིས་ཀན་ལྷོ་ཁུལ་གྱི་ཚོང་རྟགས8ལ་ཀན་སུའུ་ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན་ནང་དུ་བདམས་ཐོན་བྱུང་བའི་ཡིག་ཆ་བཀྲམ་པ་དང་། འདས་པའི་ལོ་དང་བསྡུར་ན་ལྡབ་གཉིས་འཕར།

ཉེ་བའི་ལོར། ཁུལ་བཟོ་ཚོང་ཅུས་ཀྱིས་ཚོང་རྟགས་དང་མིང་རྟགས་འཐབ་ཇུས་ལག་བསྟར་བྱས་ནས། ཧུར་བརྩོན་སྒོས་ཁེ་ལས་ལ་ཞབས་ཞུ་དང་སྐས་དབྱིབས་ཅན་གྱི་བྱ་ཐབས་སྤྱད་དེ་ཚོང་རྟགས་དང་མིང་རྟགས་གསོ་སྐྱོང་དང་གོང་འཕེལ་དུ་བཏང་བ་དང་། ཀན་ལྷོ་རང་བདག་གི་ཚོང་རྟགས་གྲགས་ཅན་བསྐྲུན་པས། ཀན་ལྷོའི་ཐོན་རྫས“ཕྱི་རུ་བསྐྱོད་པ”མངོན་འགྱུར་བྱུང་ཞིང་ཀན་ལྷོའི་ཚོང་རྟགས་གྲགས་ཅན་གྱི་མིང་རྟགས་མཐོ་རུ་བཏང་ནས་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཐད་རམ་འདེགས་ཆེན་པོ་ཐོབ།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།