ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་གནོད་འགོག་ཕྱུགས་སྐྱོབ་བྱ་བ་ཏན་ཏིག་སྒོས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ཁ་ཆར་བབས་པ་དང་། ལྷག་པར་དུ་གཙོས་གྲོང་ཁྱེར་མངའ་ཁོངས་སུ་ཁ་བ་འབབ་ཚད་ཅུང་རྒྱུན་ལྡན་ཡིན་པས། ཕྱུགས་རིགས་ལ་རང་བྱུང་གི་གནོད་འཚེ་ཕོག་པའི་ཉེན་ཁ་ཅུང་ཆེ་བ་རེད། ཁུལ་དང་གྲོང་ཁྱེར་འགོ་ཁྲིད་ཀྱིས་མཐོང་ཆེན་ཚད་མཐོན་པོ་བྱས་ནས་ཐབས་ལམ་མང་པོ་བརྒྱུད་དེ་མ་དངུལ་སྒོར་ཁྲི150གྲབས་གསོག་བྱས་ཏེ། གནོད་འགོག་ཕྱུགས་སྐྱོབ་གཟན་རྩྭ་ཏུན500གསོག་འཇོག་བྱས་པ་མ་ཟད། གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་གཏན་དར་ཞིང་ལས་ཐོན་ལས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དུ2017ལོའི་གནོད་འགོག་ཕྱུགས་སྐྱོབ་གཟན་རྩྭ་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ།

ཉེ་བའི་ལོ་འགའི་རིང་། ཁུལ་ཡོངས་ཀྱིས་ནན་ཏན་སྒོས“168”དེང་རབས་ཞིང་ཕྱུགས་ལས་གོང་འཕེལ་གྱི་འཆར་གཞི་ནན་ཏན་སྒོས་ལག་བསྟར་བྱས་ནས། ཕྱུགས་ལས་ཀྱི་གནོད་འགོག་རྒུད་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བྱུང་ཞིང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་པར་འཕར་སྣོན་བྱུང་། ཡིན་ཡང་ཁུལ་ཡོངས་ཀྱི་མངའ་ཁོངས་སུ་ས་ཁུལ་མང་ཤོས་སུ་དགུན་ཁ་རིང་ལ་རྩྭ་སར་བརྟེན་ནས་ཕྱུགས་འཚོ་བའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་དེ་ད་དུང་རྩ་བ་ནས་བསྒྱུར་མེད་པ་དང་། རྩྭ་ཐང་ཞན་འགྱུར་དང་ཕྱུགས་རིགས་ཐེག་ཚད་ལས་བརྒལ་བ། གསོ་ཚགས་ཀྱི་ལག་རྩལ་ཞན་པ་དང་། དེའི་ཁར་རང་བྱུང་གི་གནོད་འཚེ་དང་འཕྲད་ཚེ་ཕྱུགས་རིགས་ལ་གྱོང་གུད་ཆེན་པོ་ཐེབས་སྲིད། དེར་བརྟེན་ཁུལ་ཕྱུགས་ལས་ཅུས་ཀྱིས་རྫོང་དང་གྲོང་ཁྱེར་སོ་སོའི་ཞིང་ཕྱུགས་སྡེ་ཁག་ལ་གནོད་འགོག་ཕྱུགས་སྐྱོབ་ཀྱི་གཟན་ཆས་འགྲེམ་གཏོང་ལེགས་པོ་བྱེད་པའི་རྨང་གཞིའི་སྟེང་དུ་ཕྱུགས་རིགས་གསོ་ཚགས་ཀྱི་ལག་རྩལ་ཐད་མཛུབ་སྟོན་དང་རིམས་ནད་སྔོན་འགོག་བྱ་བར་ཤུགས་སྣོན། ཕྱུགས་རིགས་བདེ་འཇགས་ངང་དཔྱིད་དུབ་ལས་ཐར་བར་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་གྱོང་གུད་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།