ཀན་ལྷོ་ཁུལ་གྱིས་གནས་སྐོར་ཆེད་ལས་གྲོང་ཚོ80གཏོད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཡུལ་སྐོར་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་བའི་ལོ་གསུམ་ནང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གནས་སྐོར་རྣམ་པ་དང་སྣེ་ལེན་གྱི་ནུས་པ་ཤུགས་ཆེན་སྒོས་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་། 2018ལོར་སླེབས་པ་ན་གནས་སྐོར་གྱི་གྲོང་རྡལ་གྲགས་ཅན་བཅུ་དང་གནས་སྐོར་ཆེད་ལས་གྲོང་ཚོ80 གཏོད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་གྱིས་ཉེ་སྔོན《 ཀན་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་དཔེ་སྟོན་ཁུལ་གསར་འཛུགས་ལག་བསྟར་ཇུས་གཞི》བཏོན་པ་ལྟར། “ དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ཀན་སུའུ་རིན་ཐང་བྲལ་བའི་དུམ་མཚམས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། གཏིང་ཟབ་སྒོས་ཧྭ་ཞྭ་མི་རིགས་ཀྱི་དཔལ་ཡོན་རྒྱུད་འཛིན་གསར་གཏོད་ཁུལ་དང་རྒྱལ་ཁབ་ཀྱི་བོད་ཆང་དབྱིས་རིགས་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་འཛུགས་སྐྲུན་ནང་ཞུགས་ནས“ལྗང་མདོག་ཕྱིར་སྐྱོད། ཐན་ཉུང་འཚོ་བ། བདེ་ཐང་གི་མི་ཚེ། སྤྱོད་གཙང་སྤྱི་ཚོགས”ཀྱི་འཚོ་བའི་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། ནུས་ཤུགས་ཡོད་དགུའི་ཆོས་ལུགས་རིག་གནས་དང་། དམངས་སྲོལ་གོམས་གཤིས། མཐོ་སྒང་གི་སྐྱེ་ཁམས། དམར་ཐིག་གནས་སྐོར་བཅས་ཀྱི་གནས་སྐོར་བརྗོད་གཞིའི་སྤུས་རྟགས་ཆེ་གྲས4ལ་ཐོག་མའི་གྲུབ་འབྲས་ཐོབ་པར་བྱེད་པ།  “ལྟེ་གནད་གཅིག་དང་། སྣེ་ཁྲིད་གསུམ། ས་ཚིགས་གསུམ། ཐིག་ཕྲེང་བཞི། ལེབ་མོ་དྲུག”གི་གནས་སྐོར་འཕེལ་རྒྱས་ཀྱི་སྒྲིག་གཞི་ཆེན་པོ་བཀོད་འཛུགས་བྱས་ཞིང་། མགྱོགས་མྱུར་སྒོས་གནས་སྐོར་ཐོན་ལས་དེང་རབས་ཅན་དང་། གནས་སྐོར་ཐོན་རྫས་ཁྱད་ལྡན་ཅན། གནས་སྐོར་གྱི་གྲུབ་ཆ་གཙོ་བོ་སྤུས་རྟགས་ཅན།། གནས་སྐོར་ཁྲོམ་ར་རྒྱལ་སྤྱི་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་། ལྷག་པར་དུ“ཚོན་མདོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལའི”ཁྱོན་ཡོངས་ནས་གནས་སྐོར་རྣམ་པ་སྤུས་རྟགས་ལྟ་བ་དང་། འཛམ་གླིང་བོད་རིག་པའི་གླིང་གི་ཀྲུང་གོ་བླ་བྲང་། བོད་ཀྱི་རྒྱལ་པོའི་ཕ་ཡུལ“རི་ཆུའི་འབྲུག་ཆུ་གསར་པ། བོད་རིགས་ཤང་གི་སྔོ་ལྗང་མཛེས་ལྗོངས་ཁུལ”།  ཀླུ་ཆུ་ཀྲུང་གོའི་སྐོར་བྲོའི་ཕ་ས་ཕ་ཡུལ”། གནམ་འོག་གི་རྨ་ཆུའི་གུག་དང་པོ་དང་ཀྲུང་གོའི་རྟ་རྒྱུག་གི་ཕ་ས”ཞེས་པ་བརྗོད་གཞི་ཡིན་པའི་རྫོང་ཁོངས་ཀྱི་གནས་སྐོར་རྣམ་པའི་སྤུས་རྟགས་གྲུབ་པར་བྱས་ནས་རང་རང་གི་ཁྱད་ཆོས་ལྡན་པའི་གནས་སྐོར་གསར་གཏོད་ཀྱི་གྲོང་རྡལ་གྲགས་ཅན་དང་གསར་བཞེངས་ཁྱད་ཆོས་ལྡན་པའི་གནས་སྐོར་རྣམ་པ་གཏོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།